《དེང་རབས་རྩོམ་རིག་ལས་སྟེགས》དུས་དེབ་ཁང་གིས་རྩོམ་རིག་གཞི་རིམ་དུ་སྤེལ་བའི་སྤྱི་ཕན་བྱེད་སྒོའི་བཞུགས་མོལ་ཚོགས་འདུ་འཚོགས།

ཡོང་ཁུངས།
སྤེལ་དུས།: ༢༠༢༣ ལོའི་ཟླ་ ༨ ཚེས་ ༢༥

    ཉེ་ཆར་ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་ཀྱི་གསར་རྩོམ་ཞིབ་འཇུག་པུའུ་དང་། སི་ཁྲོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས། ཀྲུང་གོ་མི་དམངས་སློབ་ཆེན་དཔེ་དེབ་དང་ཚགས་པར་དཔྱད་ཡིག་ལྟེ་གནས་བཅས་མཉམ་འབྲེལ་གྱིས་གཙོ་འགན་ཁུར་ཏེ། རྩོམ་རིག་གཞི་རིམ་དུ་སྤེལ་བའི་སྤྱི་ཕན་བྱེད་སྒོའི་བཞུགས་མོལ་ཚོགས་འདུ་མཛོད་དགེ་རྫོང་དུ་འཚོགས།

    རྫོང་ཨུའི་དྲིལ་སྒྲོག་པུའུ་དང་རྫོང་རྩོམ་རིག་ལྷན་ཚོགས་ཀྱིས《དེང་རབས་རྩོམ་རིག་ལས་སྟེགས》དུས་དེབ་ཁང་གི་རྩོམ་རིག་གཞི་རིམ་དུ་སྤེལ་བའི་བྱེད་སྒོར་ཞུགས་པའི་དགེ་རྒན་དང་བཅས་པས། མཛོད་དགེ་རྫོང་དུ་ཉམས་མྱོང་སྤེལ་རེས་གནང་བར་དགའ་བསུ་དང་ཐུགས་རྗེ་ཆེ་ཞུས། མཛོད་དགེ་རྫོང་གི་ལོ་རྒྱུས་ཡུན་རིང་ཞིང་རིག་གནས་ཀྱི་གཏིང་ཟབ་པ། འཇོན་ཐང་ཅན་མང་ལ་ས་ཆ་ལེགས་པ། དགེ་རྒན་རྣམ་པས་བཀའ་སློབ་གནང་བར་རེ་བ་བཏོན་པར་མ་ཟད། མཛོད་དགེ་རྫོང་གི་རྩོམ་རིག་ལ་དགའ་མཁན་ཚོས་སློབ་སྦྱོང་ཁྲོད་ནས། རང་ཉིད་ཀྱི་ཆུ་ཚད་མཐོ་རུ་བཏང་ཞིང་གཞི་རིམ་དུ་རྐང་ཚུགས་ཤིང་། གཞི་རིམ་ལ་ཞབས་འདེགས་ཞུས་ཏེ། རིག་རྩལ་གྱི་སྟོབས་ཤུགས་ལ་བརྟེན་ནས་མི་ལ་དྲོད་ཁོལ་སྟེར་ཞིང་སྐུལ་ལྕག་གནང་བ་དང་བློ་སྒོ་ཕྱེ་ནས།  མཛོད་དགེ་རྫོང་གི་རིག་གནས་དར་བར་ནུས་ཤུགས་སྐྱེས་སུ་འབུལ་བར་རེ་བ་བཏོན།

    ཐེངས་འདིའི་བཞུགས་མོལ་ཚོགས་འདུར་དགེ་རྒན་ཚོས། མཛོད་དགེ་རྫོང་གི་ཡུལ་ལྗོངས་མཛེས་ལ་དམར་དམག་བརྒྱུད་མྱོང་བའི་གསར་བརྗེའི་ལོ་རྒྱུས་ལྡན་པར་བསྟན། དགེ་རྒན་ཆེན་མོ་ཚུང་ཀྲི་ཁྲེང་གིས་མཛོད་དགེ་རྫོང་གི་ཐུན་མིན་གྱི་ལེགས་ཆས། མཛོད་དགེ་རྫོང་གི་རྩོམ་པ་པོར་གསར་རྩོམ་གྱི་ཆ་རྐྱེན་ཡག་པོ་མཁོ་འདོན་བྱས་པ་དང་ཆབས་ཅིག མཛོད་དགེ་རྫོང་གི་རྩོམ་པ་པོ་རྣམས་ཀྱིས་ལྷག་བསམ་རྣམ་དག་གིས་མི་དང་ཡུལ་ལྗོངས་ངོ་མ་འབྲི་བར་རེ་བ་བཏོན།

    འཆད་ཁྲིད་མཇུག་བསྒྲིལ་རྗེས། དགེ་རྒན་ཚོ་བྱེད་སྒོར་ཞུགས་པའི་གཞི་རིམ་གྱི་རྩོམ་པ་པོ་དང་རྩོམ་རིག་ལ་དགའ་མཁན་ཚོ་དང་མཉམ་དུ་ཕན་ཚུན་བསམ་བློ་བརྗེ་རེས་བྱས། ཁོ་ཚོས་ད་ཐེངས་ཀྱི་སློབ་སྦྱོང་མགོ་འཛུགས་ས་གསར་བ་བྱས་ཏེ། དཔེ་ཀློག་དང་རྩོམ་འབྲི་ལ་འབད་ཅིང་འཚོ་བར་ཟབ་ཞུགས་བྱེད་པ་དང་། བརྩེ་བ་ངོ་མ་དང་འཇོན་ཐང་གིས་རིག་རྩལ་གྱི་མེ་ཏོག་གསོས་ཏེ། རྩོམ་རིག་བརྩམས་ཆོས་མང་བོ་གསར་རྩོམ་སྒོས། མཛོད་དགེ་རྫོང་གི་རྩོམ་རིག་སྒྱུ་རྩལ་བྱ་གཞག་གི་གཟི་བརྗིད་གསར་བ་བརྩོན་ལེན་བྱེད་རྒྱུ་ཡིན་པར་བསྟན།