མཛོད་དགེ་རྫོང་གིས2023ལོའི་མཛའ་བརྩེ་རོགས་མཐུན་ཞེས་པའི་མི་རྐྱང་ན་གཞོན་ལས་བཟོ་བའི་མཐུན་འབྲེལ་བྱེད་སྒོ་སྤེལ།

ཏང་གི་བྱ་གཞག་ལ་བློ་སེམས་དཀར་ཞིང་ལས་བཟོ་བར་ཞབས་འདེགས་རྣམ་དག་ཞུ་བའི་ལས་ཀའི་བླང་བྱ་དོན་འཁྱོལ་བྱེད་ཆེད། ཟླ8པའི་ཚེས24ཉིན། 2023ལོའི་མཛོད་དགེ་རྫོང་གི་མཛའ་བརྩེ་རོགས་མཐུན་ཞེས་པའི་མི་རྐྱང་ན་གཞོན་ལས་བཟོ་བའི་མཐུན་འབྲེལ་བྱེད་སྒོ་མཚོ་ཁྲ་མཛེས་ལྗོངས་ཁུལ་དུ་སྤེལ།

རྫོང་ཨུའི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་མགོན་པོ་ཚེ་རིང་བྱེད་སྒོར་ཞུགས་ཏེ་ཤིས་ཚིག་ཕུལ། ལས་རིགས་ཁག་ནས་ཡོང་བའི་མི་རྐྱང་ན་གཞོན་ལས་བཟོ་བ50ལྷག་མཚོ་ཁྲར་མཛོམས།
ཡིད་ཀྱི་དང་བ་འདྲེན་པའི་མཛེས་ལྗོངས་དང་ཡིད་དབང་འཕྲོག་པའི་རོལ་དབྱངས། བྲོ་ཞིམ་མངར་ཟས། རྒྱ་སེ་མེ་ཏོག་སོགས་བྱེད་སྒོ་སྤེལ་ཡུལ་དུ་གང་སར་འཆར་ཡན་གྱི་རྣམ་པས་ཁེངས། མདོ་འཛིན་པའི་ཁྲིད་སྟོན་འོག ལས་བཟོ་བ་ཡོངས་མཉམ་འགུལ་སྒོས་རང་ཉིད་ཀྱི་ཉམས་འགྱུར་གང་ལེགས་མངོན་ཞིང་། བློ་སྤོབས་ཆེར་བསྐྱེད་ནས་རང་ཉིད་ཀྱི་བརྩེ་སེམས་མཚོན་ཏེ་ལས་མཐུན་གྲོགས་པོ་བསྒྲིགས་པས། ཡུལ་དངོས་ཀྱི་རྣམ་པ་འཁྲུག་ཆ་དོད་ཅིང་དགའ་སྤྲོའི་འཛུམ་གྱིས་ཁེངས།
རྒྱུས་ལོན་པ་ལྟར་ན། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རང་རེའི་རྫོང་གི་མི་རྐྱང་ན་གཞོན་ལས་བཟོ་བར་སེམས་ཁུར་དང་གཅེས་སྐྱོང་བྱས་ནས། མཛོད་དགེ་རྫོང་གི་མི་རྐྱང་ན་གཞོན་ལས་བཟོ་བའི་གཉེན་སྒྲིག་མཐུན་འབྲེལ་གྱི་གནད་དོན་ཐག་གཅོད་བྱས་ཏེ། རྫོང་ཡོངས་ཀྱི་མི་རྐྱང་ན་གཞོན་ལས་བཟོ་བར་ཕན་ཚུན་རྒྱུས་མངའ་བྱེད་པའི་སྟེགས་བུ་གང་ལེགས་བསྐྲུན། རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་འོག མཛོད་དགེ་རྫོང་སྤྱི་ཁྱབ་བཟོ་ཚོགས་དང་གུང་གཞོན་ཚོགས་པ་མཛོད་དགེ་རྫོང་ཨུ། རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་ཐེངས་འདིའི་བྱེད་སྒོར་རྩ་འཛུགས་ཞིབ་ཚགས་བྱས། རྗེས་ཕྱོགས་སུ་རང་རེའི་རྫོང་གིས་ན་གཞོན་ལས་བཟོ་བར་མཛའ་མཐུན་ཞབས་ཞུའི་སྟེགས་བུ་བསྐྲུན་ནས། ན་གཞོན་ལས་བཟོ་བར་དངོས་ཡོད་གནད་དོན་ཐག་གཅོད་པར་རོགས་རམ་བྱེད་རྒྱུ་རེད།


