2023ལོའི་ལྷ་སའི་ཞོ་སྟོན་འགོ་ཚུགས།
ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༢༣ ལོའི་ཟླ་ ༨ ཚེས་ ༡༨

ཟླ་8ཚེས་16ཉིན། བོད་ལྗོངས་ལྷ་སའི་འབྲས་སྤུངས་དགོན་དུ་གོས་སྐུ་བཤམས་པའི་ཆོ་ག་སྤེལ་ནས། བྱམས་པའི་སྐུ་ཐང་ཆེན་མོ་ཞིག་བཤམས་ཤིང་། དད་ལྡན་མང་ཚོགས་དང་ཡུལ་སྐོར་བ་མང་པོ་ཞལ་མཇལ་དུ་འབྱོར། འབྲས་སྤུངས་དགོན་གྱི་གོས་སྐུ་བཤམས་པའི་ཆོ་གས་2023ལོའི་ལྷ་སའི་ཞོ་སྟོན་དངོས་སུ་འགོ་ཚུགས་པ་མཚོན།








