མཐོ་སྒང་དཔྱིད་དཔལ་བསུ།། ཡར་འབྲོག་གཡུ་མཚོ་མཛེས།།

ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༢༣ ལོའི་ཟླ་ ༣ ཚེས་ ༡༣

        ཡར་འབྲོག་གཡུ་མཚོ་ནི་ས་བབ་མཐོ་ཚད་སྨི་4400ལྷག་ཙམ་ཡོད་པ་དང་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་ས་ཁོངས་སུ་གནས་ཡོད། ཟླ་3པར་ཡར་འབྲོག་གཡུ་མཚོའི་འཁྱགས་རོམ་བཞུར་ནས། མཚོ་ངོས་སླར་ཡང་གཡང་ཊི་སྔོན་པོ་ལྟར་བུ་གྱུར་ཞིང་། མཚོ་འགྲམ་ངོགས་གཉིས་ཀྱི་རྩི་ཤིང་ཡལ་ག་དང་ཆུ་བྱ་མཁའ་དབྱིངས་སུ་འཕུར་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་མངོན།