སྤུས་ལེགས་སློབ་གསོས་བྱིས་པ་ཚོར་ལང་ཚོའི་གཤོག་རྩལ་བསྩལ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།
སྤེལ་དུས།: ༢༠༢༣ ལོའི་ཟླ་ ༣ ཚེས་ ༨

        དཔྱིད་མགོའི་དུས་ཀྱི་ཉི་འོད་དྲོ་ཞིང་འཇམ།   རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་མི་རིགས་བཅའ་སྡོད་ཆ་ཚང་སློབ་ཆུང་གཉིས་པའི་སློབ་རྭའི་ནང་། སློབ་མ་ཚོའི་ལྷང་ལྷང་གི་དཔེ་ཀློག་གི་སྒྲ་ནི་གང་སར་ཁེངས་འདུག     ལུས་རྩལ་ཐང་ཆེན་དུ། རྐང་རྩེད་སྤོ་ལོ་ལ་དགའ་ཞེན་ཆེ་བའི་བྱིས་པ་ཚོས་རྐང་རྩེད་སྤོ་ལོའི་འགུལ་སྤྱོད་ལས་བྱུང་བའི་རང་དབང་དང་སྤྲོ་སྣང་ལོངས་སྤྱོད་བྱེད་ཀྱིན་ཡོད་ལ།     སློབ་ཁང་དུ་སློབ་གྲོགས་ཚོས་བློ་རྩེ་གཅིག་ཏུ་བསྒྲིམས་ཏེ་དགེ་རྒན་གྱི་སློབ་ཁྲིད་ལ་ཉན་པ་དང་།  མིག་ཟུང་ལས་ཡོན་ཏན་སྦྱངས་འདོད་ཀྱི་རེ་བས་ཁེངས་ཡོད། དག་གཙང་གི་སློབ་རྭའི་ནང་། ག་ས་གང་དུ་སློབ་མ་ཚོར་བདེ་ཐང་ངང་འཚར་ལོངས་འབྱུང་བའི་བྱམས་སྐྱོང་མངོན་འདུག་ལ།  ཕུལ་དུ་བྱུང་བའི་དགེ་རྒན་དག་གིས་བྱིས་པ་ཚོར་གནམ་འཕང་གཅོད་པའི་གཤོག་རྩལ་རྒྱས་པར་འབད་པ་ལྷོད་མེད་བྱེད་ཀྱིན་ཡོད།  །