མཁོ་ཆས་ཉོས་ནས་ལོ་སར་ལ་གྲ་སྒྲིག་བྱེད་བཞིན་པ།

ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༢༣ ལོའི་ཟླ་ ༡ ཚེས་ ༡༧

        ཉེ་ལམ་མཛོད་དགེ་རྫོང་གི་ཚོང་ཁྲོམ་སོ་སོར་ལོ་སར་གྱི་མཁོ་ཆས་ཉོ་བཞིན་པའི་མི་ཤིན་ཏུ་མང་། མང་ཚོགས་རྣམས་ཀྱིས་རྫོང་ཐོག་ཏུ་བྲེལ་འཚུབ་ཀྱིས་བཟའ་བཏུང་དང་རྒྱན་སྤྲས་སོགས་ཉོས་ནས་གནམ་ལོ་གསར་པ་བསུ་བར་སྟ་གོན་བྱེད་བཞིན་འདུག །