བལ་ཡུལ་དུ་ཚད་རིམ་7.7ཡས་མས་ཀྱི་ས་འགུལ་བྱུང་འདུག
ཡོང་ཁུངས།
སྤེལ་དུས།: ༢༠༡༥ ལོའི་ཟླ་ ༤ ཚེས་ ༢༥

སྤྱི་ཟླ་4པའི་ཚེས་25ཉིན་བལ་ཡུལ་དུ་ཚད་རིམ་7.7ཡས་མས་ཀྱི་ས་འགུལ་བྱུང་ཞིང་། བལ་ཡུལ་གྱི་རྒྱལ་ས་ཀ་ཏ་མན་ཏུ་ས་འགུལ་གྱི་ཚོར་སྣང་ཤུགས་ཆེན་པོ་ཐེབས། དེ་རིང་དུས་ཚོད་14དང་སྐར་མ་11གི་ཐོག བལ་ཡུལ་དུ་ཚད་རིམ་7.7ཡས་མས་ཀྱི་ས་འགུལ་དྲག་པོ་བྱུང་ཞིང་། བོད་ལྗོངས་ལྷ་ས་དང་གཞིས་ཀ་རྩེ་སོགས་སུའང་ས་འགུལ་གྱི་ཚོར་སྣང་བྱུང་འདུག་སྟེ། ས་གནས་དེ་གའི་པོད་ཕྲན་སྤྱོད་མཁན་གྱིས། ཁང་བརྩེགས་དྲུག་ཐོག་ནས་ས་འགུལ་བྱུང་བ་མངོན་གསལ་དོད་པོ་རེད། ཁང་བའི་ནང་གི་གློག་དང་ཅོག་ཙེ་སོགས་གཡོ་འགུལ་བྱེད་བཞིན་འདུག་ཅེས་བཤད་འདུག