རྔ་བ་ཁུལ་གྱི་ཏོག་གསར་རིམས་ནད་ཀྱི་གནས་ཚུལ་གསར་ཤོས།

ཡོང་ཁུངས། རྔ་སྒྲ།
སྤེལ་དུས།: ༢༠༢༢ ལོའི་ཟླ་ ༡༡ ཚེས་ ༤



     ཟླ་11ཚེས་2ཉིན་གྱི་ཆུ་ཚོད་0ནས་ཆུ་ཚོད་24བར་དུ། རང་ཁུལ་དུ་ནད་རྟགས་མེད་པའི་རང་སའི་ནད་པ་3གསར་དུ་བྱུང་ཡོད།

     གསར་བྱུང་ཏོག་གསར་ནད་པའི་གནས་ཚུལ།

     གསར་བྱུང་ཏོག་གསར་ནད་པ་3པོ་འབར་ཁམས་གྲོང་ཁྱེར་འབར་ཁམས་གྲོང་རྡལ་སྒོ་ཡག་གྲོང་སྡེ་རུ་བསྡད་ཡོད། གཏན་འཁེལ་ཏོག་གསར་ནད་པ་དང་འབྲེལ་འདྲིས་དམ་ཟབ་བྱེད་མཁན་ཡིན་ལ། གཅིག་སྡུད་ལོག་བཀར་གྱི་དུས་སུ་ཉིང་སྐྱུར་བརྟག་དཔྱད་བྱས་པའི་མཇུག་འབྲས་གདགས་གཤིས་ཡིན་པ་དང་། ཆེད་མཁས་ཚོགས་པས་བརྟག་དཔྱད་བྱས་པ་བརྒྱུད་ནད་རྟགས་མེད་པའི་ནད་པར་ངོས་འཛིན་བྱས། ད་ལྟ་གནས་གཏན་འཁེལ་གྱི་སྨན་ཁང་དུ་ལོག་བཀར་སྨན་བཅོས་བྱེད་བཞིན་ཡོད།