ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་གྱི་ངོ་སྤྲོད།

བློ་མཐུན་ཞི་ཅིན་ཕིང་གི་ལོ་རྒྱུས་མདོར་བསྡུས།
ཞི་ཅིན་ཕིང་། ཕོ། རྒྱ་རིགས། 1953ལོའི་ཟླ་6པར་འཁྲུངས། ཧྲའན་ཞི་ཧྥུ་ཕིང་གི་མི། 1969ལོའི་ཟླ་1པོར་ལས་ཀར་ཞུགས། 1974ལོའི་ཟླ་1པོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཆིང་ཧྭ་སློབ་གྲྭ་ཆེན་མོའི་མི་ཆོས་རིག་གནས་སྤྱི་ཚོགས་སློབ་གླིང་གི་མར་ཁེ་སི་རིང་ལུགས་རིགས་པའི་གཞུང་ལུགས་དང་བསམ་བློ་ཆབ་སྲིད་སློབ་གསོའི་ཆེད་ལས་ནས་སློབ་མཐར་ཕྱིན། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན། ཁྲིམས་རིག་པའི་འབུམ་རམས་པའི་སློབ་གནས་ལྡན།
ད་ལྟ་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་བཅས་ཀྱི་འགན་བཞེས་བཞིན་ཡོད།

བློ་མཐུན་ལི་ཆང་གི་ལོ་རྒྱུས་མདོར་བསྡུས།
ལི་ཆང་། ཕོ། རྒྱ་རིགས། 1959ལོའི་ཟླ་7པར་འཁྲུངས། ཀྲེ་ཅང་རུའེ་ཨན་གྱི་མི། 1976ལོའི་ཟླ་7པར་ལས་ཀར་ཞུགས། 1983ལོའི་ཟླ་4པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན། མཐོ་རིམ་དོ་དམ་མི་སྣའི་བཟོ་ཚོང་དོ་དམ་གྱི་རབ་འབྱམས་པའི་སློབ་གནས་ལྡན།
ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས་བཞིན་ཡོད།

བློ་མཐུན་ཀྲའོ་ལེ་ཅེའི་ལོ་རྒྱུས་མདོར་བསྡུས།
ཀྲའོ་ལེ་ཅེ། ཕོ། རྒྱ་རིགས། 1957ལོའི་ཟླ་3པར་འཁྲུངས། ཧྲའན་ཞི་ཞི་ཨན་གྱི་མི། 1974ལོའི་ཟླ་9པར་ལས་ཀར་ཞུགས། 1975ལོའི་ཟླ་7པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན།
ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་གྱི་འགན་བཞེས་བཞིན་ཡོད།

བློ་མཐུན་ཝང་ཧུའུ་ཉིང་གི་ལོ་རྒྱུས་མདོར་བསྡུས།
ཝང་ཧུའུ་ཉིང་། ཕོ། རྒྱ་རིགས། 1955ལོའི་ཟླ་10པར་འཁྲུངས། ཧྲན་ཏུང་ལའེ་ཀྲོའུ་ཡི་མི། 1977ལོའི་ཟླ་2པར་ལས་ཀར་ཞུགས། 1984ལོའི་ཟླ་4པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཧྥུ་ཏན་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་ཆབ་སྲིད་ཚན་ཁག་གི་རྒྱལ་སྤྱིའི་ཆབ་སྲིད་ཆེད་ལས་ནས་སློབ་མཐར་ཕྱིན། ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན། ཁྲིམས་རིག་པའི་རབ་འབྱམས་པའི་སློབ་གནས་ལྡན། དགེ་རྒན་ཆེན་མོ་བ།
ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་ཀྲུང་དབྱང་ཁྱོན་ཡོངས་བསྒྱུར་བཅོས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་གྱི་འགན་བཞེས་བཞིན་ཡོད།

བློ་མཐུན་ཚའེ་ཆི་ཡི་ལོ་རྒྱུས་མདོར་བསྡུས།
ཚའེ་ཆི། ཕོ། རྒྱ་རིགས། 1955ལོའི་ཟླ་12པར་འཁྲུངས། ཧྥུ་ཅན་ཡིའུ་ཞི་ཡི་མི། 1973ལོའི་ཟླ་3པར་ལས་ཀར་ཞུགས། 1975ལོའི་ཟླ་8པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཧྥུ་ཅན་དགེ་འོས་སློབ་གྲྭ་ཆེན་མོའི་དཔལ་འབྱོར་ཁྲིམས་ལུགས་སློབ་གླིང་གི་ཆབ་སྲིད་དཔལ་འབྱོར་རིག་པའི་ཆེད་ལས་ནས་སློབ་མཐར་ཕྱིན། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན། དཔལ་འབྱོར་རིག་པའི་འབུམ་རམས་པའི་སློབ་གནས་ལྡན།
ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། པེ་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས་བཞིན་ཡོད། 2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་ཏང་ཙུའུ་ཡི་ཧྲུའུ་ཅི་ཡིན།

བློ་མཐུན་ཏིང་ཞུའེ་ཞང་གི་ལོ་རྒྱུས་མདོར་བསྡུས།
ཏིང་ཞུའེ་ཞང་། ཕོ། རྒྱ་རིགས། 1962ལོའི་ཟླ་9པར་འཁྲུངས། ཅང་སུའུ་ནན་ཐུང་གི་མི། 1982ལོའི་ཟླ་8པར་ལས་ཀར་ཞུགས། 1984ལོའི་ཟླ་10པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཧྥུ་ཏན་སློབ་གྲྭ་ཆེན་མོའི་དོ་དམ་སློབ་གླིང་གི་སྲིད་འཛིན་དོ་དམ་ཆེད་ལས་ནས་སློབ་མཐར་ཕྱིན། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན། རང་བྱུང་བཟོ་སྐྲུན་རིག་པའི་རབ་འབྱམས་པའི་སློབ་གནས་ལྡན། དགེ་རྒན་ཆེན་མོ་རིམ་པའི་མཐོ་རིམ་བཟོ་སྐྲུན་པ་ཡིན།
ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་། ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་བཞིན་ཡོད།

ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་བཞིན་ཡོད།