མཚན་མོའི་ཆར་ཞོད་ཀློང་གི་རིམས་སྲུང་བ།

ཡོང་ཁུངས། རྔ་བའི་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༢༢ ལོའི་ཟླ་ ༩ ཚེས་ ༩


     རྫོང་མཁར་ཧྲིལ་བོ་རིམ་གྱིས་ལྷིང་འཇགས་སུ་གྱུར།  འོན་ཏེ། རིམས་འགོག་གི་འཐབ་ས་དང་པོར་གནས་པའི། ཉེན་རྟོག་པ་དང་དང་བླངས་པ། འཕྲོད་བསྟེན་རིམས་འགོག་པ། རིམས་ནད་འགོས་མཆེད་ཀྱི་རླབས་རྒྱུན་འགོག་པར་བྲེལ་ཡོད།


 

   ཁོ་ཚོས། རྔུལ་ནག་ནག་ཕྲོམ་ཕྲོམ་གྱིས། རང་ལུས་ཀྱི་བདེ་འཇགས་ལ་ཅི་མི་སྙམ་པར། རིམ་ནད་འགོག་སྲུང་གི་བཙན་ས་བསྐྲུན།  

  

  མཐོ་སྒང་གི་མཚན་ཕྱེད་དུ།  མཚན་མོའི་གྲང་ངར་ལྷག་ཏུ་ཡང་རྒོད། རླངས་འཁོར་གྱི་གློག་འོད་འོག་ཏུ་ཁོམ་ལོང་བྲལ་བ་ནི། ཉེན་རྟོག་པ་རེད། 


    ཁྱེད་བདེ་མོ། ཁྱེད་ཀྱིས་རང་གི་ལས་ཀའི་དཔང་ཡིག་དང་ལམ་ཡིག་སྟོན་རོགས། འཇགས་རྣམ་དོ་དམ་འོག་ཏུ། དོན་མེད་ཀྱིས་ཕྱི་ལ་འགྲོ་བ་ཉུང་ཉུང་གྱིས། ཁྱེད་ཀྱིས་ང་ཚོར་རོགས་འདེགས་བྱེད་པར་བཀའ་དྲིན་ཆེ། ལས་གནས་སུ་སྡོད་པའི་ཆུ་ཚོད་15རིང་། ཁོ་ཚོས་རྒྱུན་ཆད་མེད་སྐད་ཆ་འདི་ཡང་དང་བསྐྱར་དུ་བཤད་དོན། ཐུན་མོང་གིས་འཇགས་རྣམ་གྱི་ཧུང་ཡོན་སྲུང་ཆེད་མ་ཡིན་ནམ།


 

     ང་ཚོས་ཀྱང་གསལ་བོར་ཤེས་སྲིད་དེ།   འཁྱག་སིབ་སིབ་ཀྱི་རྒྱབ་ཕྱོགས་ནི་དྲོད་ལམ་ལམ་གྱི་གཡུལ་ས་ཡིན་ལ། རྒྱལ་ཁའི་རྟིང་སོ་ཡང་ཡིན།