རྒྱ་གར་དུ་རི་ཉིལ་ནས་མི་24རྐྱེན་ལམ་དུ་ཤོར་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
སྤེལ་དུས།: ༢༠༢༢ ལོའི་ཟླ་ ༧ ཚེས་ ༤
   རྒྱ་གར་སྨྱན་སྦྱོར་གྱིས་ཟླ་6ཚེས་30ཉིན་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་གྱི་མན་ཉི་ཕུར་མངའ་སྡེའི་ནུའོ་ཉི་ས་ཁུལ་དུ་རི་ཉིལ་ནས་ཉུང་མཐར་ཡང་མི་7རྐྱེན་ལམ་དུ་ཤོར་བ་དང་། མི་13ལ་རྨས་སྐྱོན་ཕོག་པ་དང་། གཞན་ཡང་མི་23གར་སོང་ཆ་མེད་དུ་གྱུར་ཡོད།

   གནས་ཚུལ་སྤེལ་བར་གཞིགས་ན། ཚེས་29ཉིན་གྱི་ནམ་གུང་མཚམས་སུ་ཆར་པ་བསྟུད་མར་བབས་པས་ནུའོ་ཉི་ས་ཁུལ་གྱི་ལྕགས་ལམ་འཛུགས་སྐྲུན་སྒར་ས་ཞིག་གི་ཉེ་འགྲམ་དུ་རི་ཉིལ་བ་དང་། མིག་སྔར་རྨས་མ་ས་གནས་དེ་གའི་སྨན་ཁང་དུ་སྐྱོབ་བཅོས་བྱེད་པར་བསྐྱལ་བ་དང་འབྲེལ་ཡོད་འཚོལ་སྐྱོབ་ལས་དོན་སྤེལ་བཞིན་ཡོད།


    མན་ནེ་ཕུའར་མངའ་སྡེའི་དབུ་བཞུགས་བློན་ཆེན་ཤིན་ཀེ་གནོད་འཚེ་ཕོག་ཡུལ་དུ་ཕེབས་ནས་རོགས་སྐྱོབ་སྡེ་ཚན་ཁག་ལ་སྟོབས་ཤུགས་ཡོད་རྒུས་མཉམ་ལས་ཧུར་ཐག་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་པའི་མི་རྣམས་འཚོལ་སྐྱོབ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།


    ས་གནས་དེ་གའི་གནམ་གཤིས་སྡེ་ཚན་གྱིས་འབྱུང་འགྱུར་ཉིན་ཤས་རིང་ས་ཁུལ་དེར་ད་དུང་ཆར་པ་འབབ་རྒྱུ་ཡིན་ཚུལ་བཤད་ཡོད།