ཞི་ཅིན་ཕིང་ནས་ཧུའུ་པེ་ཝུའུ་ཧན་གྲོང་ཁྱེར་དུ་གཟིགས་ཞིབ་གནང་།

ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༢༢ ལོའི་ཟླ་ ༦ ཚེས་ ༣༠

 

        ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་སྤྱི་ཚེས་28ཉིན་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་གཟིགས་ཞིབ་ཕེབས་སྐབས། ཚན་རྩལ་རང་ཚུགས་རང་སྟོབས་ནི་རྒྱལ་ཁབ་སྟོབས་འབྱོར་ལྡན་པའི་རྨང་གཞི་དང་བདེ་འཇགས་ཀྱི་འགག་རྩ་ཡིན། ང་ཚོས་ངེས་པར་དུ་འཐུས་ཚང་དང་ཡང་དག །ཁྱོན་ཡོངས་སྒོས་འཕེལ་རྒྱས་གྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱ་དགོས་ལ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཚན་རྩལ་གྱི་སྲོག་རྩ་རང་གི་ལག་ཏུ་དམ་པོ་འཛིན་ནས། ཚན་རྩལ་གྱི་རང་ཚུགས་རང་སྟོབས་ཐད་ཡར་ཐོན་དེ་ལས་ལེགས་པ་གཏོང་བ་དང་། རང་རྒྱལ་འཕེལ་རྒྱས་ཀྱི་རང་བཙན་རང་བཞིན་དང་རང་བདག་རང་བཞིན། བདེ་འཇགས་རང་བཞིན་བཅས་རྒྱུན་ཆད་མེད་པར་མཐོར་འདེད་གཏོང་བ་དང་། ལག་རྩལ་གསར་པ་དང་ཐོན་ལས་གསར་པ་གང་མང་ཡོང་བར་སྐུལ་འདེད་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་མངའ་ཁོངས་གསར་པ་དང་འགྲན་ར་གསར་པ་གཏོད་ནས། རྒྱལ་སྤྱིའི་འགྲན་རྩོད་ཀྱི་དགེ་མཚན་གསར་པ་འགྲུབ་ཐབས་བྱ་དགོས་ཞེས་བསྟན་པ་རེད།