སློབ་གྲྭས་དངོས་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་གྱི་བྱེད་སྒོ་སྤེལ།
ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༢༢ ལོའི་ཟླ་ ༦ ཚེས་ ༡༥

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བྱེད་སྒོ་ནི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གྱི་རྨང་གཞིའི་སྟེང་། དགེ་སློབ་རྣམས་དངོས་མིན་རིག་གནས་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་ལ་སྤྲོ་བ་བསླང་བར་དམིགས་ཤིང་། རྒྱ་ཆེའི་དགེ་སློབ་རྣམས་ལ་རིག་གནས་ཀྱི་ཁོར་ཡུག་གྱ་ནོམ་པ་ཞིག་དང་འཆམ་མཐུན་གྱི་འཕེལ་རྒྱས་ཁ་དབུགས་ཤིག་བསྐྲུན་པའི་ཆེད་དུ་ཡིན་པ་དང་། ཡུལ་དངོས་ནས་སློབ་ཁྲིད་དང་རིག་དངོས་འགྲེམ་སྟོན་བྱས་པ་བརྒྱུད་སློབ་མ་དག་གིས་སྔར་ལས་ལྷག་པར་སྲོལ་རྒྱུན་རིག་གནས་ལ་ངོས་འཛིན་དང་རྒྱུ་ལོན་བྱེད་ཐུབ་པ་བྱུང་།