རྨ་ཆུའི་འགྲམ་ངོགས་སུ་ལྗང་མདོག་གི་ཁ་དོག་གསར་བ་བསྣན།

ཡོང་ཁུངས། རྔ་སྒྲ།
སྤེལ་དུས།: ༢༠༢༢ ལོའི་ཟླ་ ༥ ཚེས་ ༢༤

 

    ཉེ་ཆར། མཛོད་དགེ་རྫོང་དམེ་ཆུ་ཡུལ་ཚོ་དང་ཐང་སྐོར་གྲོང་རྡལ་སོགས་འོས་འགན་སྡོང་འཛུགས་ས་གནས་སུ་གོ་རིམ་ཡོད་པའི་སྒོ་ནས་སྡོང་འཛུགས་ངལ་རྩོལ་བྱེད་པའི་སྣང་བརྙན་ཞིག་མངོན་ཡོད། ཁུལ་དང་རྫོང་གི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོའི་ཏང་ཡོན་ལས་བྱེད་ལས་བཟོ་པས་འོས་འགན་སྡོང་འཛུགས་ཀྱི་བྱེད་སྒོ་བརྒྱུད་དེ། དོན་དངོས་ཀྱི་ལག་ལེན་ལས་རྨ་ཆུའི་འགྲམ་ངོགས་སུ་ལྗང་མདོག་གི་ཁ་དོག་གསར་བ་ཞིག་བསྣན།



 


    རྒྱུས་ལོན་པ་ལྟར་ན། 2022ལོའི་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་འཛུགས་སྐྲུན་དེ་ཟླ་5ཚེས་20ཉིན་ལེགས་འགྲུབ་འབྱུང་རྒྱུ་ཡིན་པ་དང་། མཛོད་དགེ་རྫོང་ཁོངས་སུ་སྐྱེ་ཁམས་སྲུང་ཡོལ་སྟོང་རྨི་40.3སྐྲུན་ཡོད་ལ། དོན་དངོས་ལག་བསྟར་བྱས་པའི་རྒྱ་ཁྱོན་ས་མུའུ་5755.4ཟིན་ཡོད་དོ།།