ལྔ་གཅིག་གུང་སེང་ལ་རང་ཁུལ་གྱིས་ཡུལ་སྐོར་བ་ཁྲི42ལྷག་ལ་སྣེ་ལེན་བྱས།
ཡོང་ཁུངས། ཁམས་པའི་དྲ་བ།
སྤེལ་དུས།: ༢༠༢༢ ལོའི་ཟླ་ ༥ ཚེས་ ༦

བསྡོམས་རྩིས་བྱས་པར་གཞིགས་ན། “ལྔ་གཅིག”གུང་སེང་རིང་ཁུལ་ཡོངས་སུ་རླངས་འཁོར་59822ཡོང་ཡོད་པ་དང་། ན་ལོའི་དུས་མཚུངས་ལས་བརྒྱ་ཆ45.44ཉུང་དུ་ཕྱིན་ཡོད་པ་རེད། དར་མདོ་དང་དཀར་མཛེས། འདབ་པའི་གནམ་གྲུ་ཐང་གསུམ་ནས་རིམ་རྩིས་བྱས་ན་གནམ་གྲུ་འཕུར་ཐེངས16ལ་ཟིན་པ་དང་། མི673ཡོང་ཡོད་པ་རེད།
ད་ལོའི“ལྔ་གཅིག”གུང་སེང་རིང་ཏོག་གསར་གློ་ཚད་ཀྱི་ཤུགས་རྐྱེན་ཐེབས་པར་བརྟེན་ཡུལ་སྐོར་བ་ཚོས་ཉེ་འགྲམ་དུ་ཡུལ་སྐོར་བྱེད་པ་དང་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་པ་མང་ཆེ་བ་རེད། སི་ཁྲོན་དང་ཁྲུང་ཆིང་ས་ཁུལ་དུ་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་མཁན་བརྒྱ་ཆ95ཡན་ཟིན་པ་རེད། སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་པ་དང་། ཉེ་འཁོར་དུ་རང་མོས་ཡུལ་སྐོར་བྱེད་པ་ནི་ཐེངས་འདིའི་གུང་གསེང་རིང་གི་ཡུལ་སྐོར་བྱེད་སྟངས་གཙོ་བོར་གྱུར་སྟབས། གྲོང་གསེབ་ཡུལ་སྐོར་རྒྱ་ཆེ་བའི་ཡུལ་སྐོར་བ་ཚོའི་དགའ་མོས་བྱ་ཡུལ་དུ་གྱུར་པ་རེད། ལྕགས་ཟམ་རྫོང་གི་མཚོ་གཉིས་དང་དུང་དཀར་ལུང་པ། རོང་བྲག་གི་གྱ་གྱུ། རྟའུ་ཡི་གསེག་རི་སྤྱི་གླིང་། འདབ་པའི་ར་ལམ་སོགས་ཉེ་འཁོར་ལྗོངས་ཁུལ་དང་གྲོང་གསེབ་ཏུ་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་མཁན་ཅུང་མང་བ་དང་། ལྷག་པར་དུ་ལྕགས་ཟམ་རྫོང་གི་སེའུ་དམར་པོ་གཡུར་ཟའི་དུས་ལ་སླེབས་ཡོད་པས་ཡུལ་སྐོར་ཚོའི་ཡིད་དབང་འཕྲོག།