ཀྲུང་གོའི་སྨན་བཅོས་ལྟེ་གནས་ནས་ལི་པེ་རི་ཡ་རྒྱལ་ཁབ་ཀྱི་ཨེ་པོ་རའི་ནད་པ་ཆེས་མཐའ་མ་དེ་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཕྱིར་བུད་ཡོད།

ཡོང་ཁུངས།
སྤེལ་དུས།: ༢༠༡༥ ལོའི་ཟླ་ ༣ ཚེས་ ༡༡

 

 ལི་པེ་རི་ཡའི་རྒྱལ་ས་མོང་རོ་ཝི་ཡ་རུ། ཀྲུང་གོའི་རོགས་སྐྱོར་སྨན་བཅོས་ཚོགས་པའི་རུ་དཔོན་དབྱང་ཧའེ་ཝེ་ཡིས་ནད་པ་ཨ་ཏུའུ་ལོ་ལ་བཅོས་ཐོན་དཔང་ཡིག་གནང་བཞིན་པ།

   སྤྱི་ཟླ་3པའི་ཚེས་5ཉིན། ལི་པེ་རི་ཡ་རྒྱལ་ཁབ་ཀྱི་ཨེ་པོ་རའི་ནད་པ་ཨ་ཏུའུ་ལོ་ནད་ལས་ཐར་དེ་སྨན་ཁང་གི་སྒོར་བུད་ཡོད། མོ་ནི་ཀྲུང་གོའི་ཨེ་པོ་ར་སྨན་བཅོས་ལྟེ་གནས་སུ་དྲག་སྐྱེད་བྱུང་བའི་ཨེ་པོ་རའི་ནད་པ་ཆེས་མཐའ་མ་དེ་ཡིན་ལ། ལི་པེ་རི་ཡ་རྒྱལ་ཡོངས་ཀྱི་ཨེ་པོ་ར་སྨན་བཅོས་ལྟེ་གནས་17གྱི་ཁྲོད་དུ་ནད་གཞི་གཏན་ཁེལ་བྱས་པ་ཆེས་མཐའ་མ་དེ་ཡང་རེད། །