ལུའོ་ནར་ཌོ་དྷེ་ཁ་ཕུ་རེའོ་ཀྱིས་གཟུགས་ལམ་དྲ་ཚིགས་དང་མཉམ་ལས་སྒོས་ཁོར་ཡུག་སྲུང་སྐྱོབ་བརྗོད་གཞི་བྱས་པའི་དངོས་ཟིན་གློག་བརྙན་ཞིག་སྤེལ་ཡོད་པ་ཁྱབ་བསྒྲགས་བྱས་ཡོད།
ཡོང་ཁུངས།
སྤེལ་དུས།: ༢༠༡༥ ལོའི་ཟླ་ ༣ ཚེས་ ༩

ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ལུའོ་ནར་ཌོ་དྷེ་ཁ་ཕུ་རེའོ་ཡི་འདྲ་པར།
ཨ་རིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བ་ལྟར་ན།
ཨ་རིའི་འཁྲབ་སྟོན་པ་གྲགས་ཅན་ལུའོ་ནར་ཌོ་དྷེ་ཁ་ཕུ་རེའོ་དང་གཟུགས་ལམ་དྲ་ཚིགས་Netflixཞེས་པ་གཉིས་ཀྱིས་ཁོར་ཡུག་སྲུང་སྐྱོབ་བརྗོད་གཞི་བྱས་པའི་དངོས་ཟིན་གློག་བརྙན་ཞིག་མཉམ་དུ་བཟོ་སྐྲུན་བྱས་འདུག
ལུའོ་ནར་ཌོ་དྷེ་ཁ་ཕུ་རེའོ་ཡིས་གསལ་བསྒྲགས་ཤིག་གི་ནང་དུ། Netflixདང་མཉམ་སྒྲུབ་སྒོས་དངོས་ཟིན་གློག་བརྙན་《ཝེ་རོང་གྷ།》སྤེལ་རྗེས། མི་མང་པོ་ཞིག་ལ་དངོས་ཟིན་གློག་བརྙན་ཐད་ཀྱི་བསམ་ཚུལ་མི་འདྲ་བ་བྱུང་དུ་བཅུག་ཅིང་། ཁོར་ཡུག་སྲུང་སྐྱོབ་ལ་སྔར་ལས་ལྷག་པའི་སྒོ་ནས་དོ་ཁུར་བྱ་བའི་རེ་བ་ཡོད་ཅེས་བསྟན། །