ཧོ་པེ་དང་སི་ཁྲོན་ཞིང་ཆེན་ཏང་ཨུའི་འགན་འཁུར་བློ་མཐུན་གཙོ་བོའི་གོ་གནས་ལེགས་སྒྲིག་བྱས་པ།
ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༢༢ ལོའི་ཟླ་ ༤ ཚེས་ ༢༢
ཞིན་ཧྭ་གསར་འགྱུར་ཁང་གིས་པེ་ཅིང་ནས་སྤྱི་ཟླ་4པའི་ཚེས་22ཉིན་གྱི་གློག་འཕྲིན་སྤེལ་གསལ། ཉེ་སྔོན། ཀྲུང་གུང་ཀྲུང་དབྱང་གིས་གཏན་འབེབས་བྱས་གསལ་ལྟར་ན།
བློ་མཐུན་ཉི་ཡུའེ་ཧྥུང་ཧོ་པེ་ཞིང་ཆེན་ཏང་ཨུའི་ཨུ་ཡོན། རྒྱུན་ལས་ཨུ་ཡོན། ཧྲུའུ་ཅི་བཅས་ལ་བསྐོས་པ་དང་། བློ་མཐུན་ཝང་ཏུང་ཧྥུང་གིས་ཧོ་པེ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། རྒྱུན་ལས་ཨུ་ཡོན། ཨུ་ཡོན་བཅས་ཀྱི་འགན་བཞེས་མི་གནང་བ་རེད།
བློ་མཐུན་ཝང་ཞའོ་ཧུའེ་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཨུ་ཡོན། རྒྱུན་ལས་ཨུ་ཡོན། ཧྲུའུ་ཅི་བཅས་ལ་བསྐོས་པ་དང་། བློ་མཐུན་ཕེང་ཆིང་ཧྭ་ཡིས་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། རྒྱུན་ལས་ཨུ་ཡོན། ཨུ་ཡོན་བཅས་ཀྱི་འགན་བཞེས་མི་གནང་བ་རེད།