ཁེན་ནི་ཡ་རུ་ས་རྐོ་འཕྲུལ་འཁོར་དེད་ནས་འདམ་ནང་དུ་ལྷུང་བའི་གླང་ཆེན་ཞིག་གི་སྲོག་བསྐྱབས།

ཡོང་ཁུངས།
སྤེལ་དུས།: ༢༠༡༥ ལོའི་ཟླ་ ༣ ཚེས་ ༥

ས་རྐོ་འཕྲུལ་འཁོར་གྱིས་ན་འདམ་མཐའ་འཁོར་གྱི་ས་རྐོ་བཞིན་པ།

ན་འདམ་དུ་དུས་ཚོད་12ལ་ལུས་པའི་གླང་ཆེན་དེའི་སྲོག་བསྐྱབས་ཐུབ་པ་བྱུང་བ།

         སྤྱི་ཟླ་3པའི་ཚེས་3ཉིན། ཁེན་ནི་ཡ་ཅིན་ཏུའུ་ཁེ་ཝུའུ་ལུའུ་ཧྲན་རྒྱལ་ཁབ་སྤྱི་གླིང་དུ་ལོ་ན་ཆུང་བའི་གླང་ཆེན་ཞིག་སྟབས་མ་ལེགས་པར་ན་འདམ་དུ་ལྷུང་ཞིང་། ན་འདམ་དེ་ཅུང་ཟབ་མོ་ཡོད་པས་གླང་ཆེན་གྱིས་རང་ནུས་གང་ཡོད་བཏོན་ཡང་ཕྱིར་འགྲོ་མ་ཐུབ་པར་དུས་ཡུན་རིང་བོར་ལུས། སྟབས་ལེགས་པ་ཞིག་ལ་ས་གནས་ཞིང་བ་ཚོས་གནས་ཚུལ་དེ་ཤེས་རྗེས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་རྩ་འཛུགས་ལ་སྙན་སེང་ཞུས་ཡོད་ལ། དེ་ནས་ཡུད་ཙམ་འགོར་རྗེས་ཁོ་ཚོས་ས་རྐོ་འཕྲུལ་འཁོར་དེད་ནས་གནས་དེར་སླེབས་ཤིང་། ན་འདམ་དུ་དུས་ཚོད་12ལ་ལུས་པའི་གླང་ཆེན་དེའི་སྲོག་བསྐྱབས་ཐུབ་པ་བྱུང་། །