ཨུ་རུ་སུས་རྒྱལ་ཁབ་འདི་གསུམ་གྱི་ཕྱི་འབྲེལ་དཔོན་ཕྱིར་འབུད་བྱས་འདུག

ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༢༢ ལོའི་ཟླ་ ༣ ཚེས་ ༣༡
 
     ཨུ་རུ་སུའི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས་29ཉིན་ཨུ་རུ་སུའི་ཕྱི་འབྲེལ་པུས་པོ་ལུའོ་ཏི་རྒྱ་མཚོའི་རྒྱལ་ཁབ་ལ་ཐེ་ཝེ་ཡ་དང་། ལི་ཐུ་ཝན་ནི་ཡ། ཨེ་སོ་ནི་ཡ་བཅས་ཀྱི་གཞུང་ཚབ་ཆེན་མོ་བ་དང་ཐུག་འཕྲད་བྱས་ནས། འདྲ་མཚུངས་ཀྱི་རྩ་དོན་ལྟར་རྒྱལ་ཁབ་དེ་དག་གི་ཕྱི་འབྲེལ་དཔོན་ཕྱིར་འབུད་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
     ཟླ་3ཚེས་18ཉིན་ལ་ཐེ་ཝེ་ཡ་དང་། ཨེ་སོ་ནི་ཡ། ལི་ཐུ་ཝན་ནི་ཡ་བཅས་ཀྱི་ཕྱི་འབྲེལ་པུས་ཨུ་རུ་སུའི་ཕྱི་འབྲེལ་དཔོན་10ཕྱིར་འབུད་བྱས་པ་རེད། དེའི་ནང་ལི་ཐའོ་ཝན་ནི་ཡ་ཡིས་ཨུ་རུ་སུའི་ཕྱི་འབྲེལ་དཔོན་བཞི་ཕྱིར་འབུད་བྱས་པ་དང་།ལ་ཐེ་ཝེ་ཡ་དང་ཨེ་སོ་ནི་ཡ་སོ་སོས་ཨུ་རུ་སུའི་ཕྱི་འབྲེལ་དཔོན་གསུམ་ཕྱིར་འབུད་བྱས་པ་རེད།