མཛོད་དགེ་རྩྭ་ཐང་གི་ཁྲིམས་སྒྲོག་པ།
ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༢༢ ལོའི་ཟླ་ ༣ ཚེས་ ༡༦

ཐག་རིང་ཞིང་རི་མཐོར་འཚོ་གནས་བྱེད་པའི་འབྲོག་ས་རུ། རིག་གནས་ཆུ་ཚད་མཐོ་པོ་མེད་ཅིང་། རྒྱ་སྐད་མི་ཤེས་པའི་མང་ཚོགས་ཀྱིས་ཁྲིམས་སྦྱོང་ཁྲིམས་སྲུང་དང་། དགོས་ངེས་ཀྱི་དུས་སུ་བཅའ་ཁྲིམས་ཀྱི་མཚོན་ཆ་སྤྱད་དེ་རང་ཉིད་སྲུང་སྐྱོབ་བྱ་ཆེད། སི་ཁྲོན་རྔ་བ་ཁུལ་མཛོད་དགེ་རྫོང་སྤྱི་བདེ་ཅུས་ཀྱིས་མི་དམངས་ཉེན་རྟོག་པ་40སྐོང་འཐེན་བྱས་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་ཞབས་ཞུ་རུ་ཁག་བཙུགས་ཏེ་འབྲོག་ཁུལ་དུ་བཅའ་ཁྲིམས་ཁྱབ་གདལ་བཏང་བ་རེད།
ལོ་གཅིག་ལྷག་ཙམ་རིང་གནད་སྨིན་དྲིལ་བསྒྲགས་ཐེངས་230ལྷག་ཙམ་བྱས་པ་དང་། མང་ཚོགས་མི་ཐེངས་ཁྲི་3ལྷག་ཙམ་ལ་ཁྱབ་ནས་ཞིང་འབྲོག་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་ནུས་ལྡན་བཏང་བས་མཛོད་དགེ་རྫོང་གི་རིགས་ཁག་གི་ཁྲིམས་འགལ་ཉེས་གསོག་གྱོད་གཞི་ཐོན་ཚད་དུས་མཚུངས་ལས་10%ཆག་ཡོད་པ་རེད།