རི་པིན་གྱིས་དོམ་ཕྲུག“ཧྥོང་པང”ལོ་གཅིག་ལ་སླེབས་པའི་སྐྱེས་སྐར་བཏང་བ།

ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༢༡ ལོའི་ཟླ་ ༡༡ ཚེས་ ༢༥
     ཟླ་11ཚེས་22ཉིན་རི་པིན་གྱི་ཧོ་ཀེ་ཧྲན་རྫོང་པའེ་པང་ཐིང་གི་སྤྲོ་གསེང་དགའ་ཚལ་གྱི“ཉེན་མཆོང་འཛམ་གླིང”ཞེས་པས་ན་ནིང་དོམ་ཁྲ་མོར་སྐྱེས་པའི་དོམ་ཕྲུག“ཧྥོང་པང”ལོ་གཅིག་ལ་སླེབས་པའི་སྐྱེས་སྐར་བཏང་བ་དང་། “ཧྥོང་པང”ནི་དགའ་ཚལ་དེའི་རི་པིན་ཕྱོགས་ཀྱི་ལས་དོན་པས་སྐྱེ་བསུ་བྱས་པའི་དོམ་ཕྲུག་ཐོག་མ་དེ་རེད།