གཙོ་ངོས།
མཐོ་རིམ་གསར་འགྱུར།
བོད་འབྲེལ།
སི་ཁྲོན།
རྒྱལ་ནང་།
རྒྱལ་སྤྱི།
ཆེད་བསྒྲིགས།
རིག་གནས།
བརྙན་ཐུང་།
མི་སྣ།
དུས་དེབ།
汉文
༢༠༢༥ ལོའི་ཟླ་ ༡༠ ཚེས་ ༥ གཟའ་ཉི་མ།
གཙོ་ངོས།
མཐོ་རིམ་གསར་འགྱུར།
བོད་འབྲེལ།
སི་ཁྲོན།
རྒྱལ་ནང་།
རྒྱལ་སྤྱི།
ཆེད་བསྒྲིགས།
རིག་གནས།
བརྙན་ཐུང་།
མི་སྣ།
དུས་དེབ།
汉文
གླིང་གེ་སར་འཁྲུངས་ཡུལ་ནས་བྲག་རིས་རྙེད།
ཡོང་ཁུངས།
ངེད་དྲ་བ།
སྤེལ་དུས།:
༢༠༢༡ ལོའི་ཟླ་ ༡༡ ཚེས་ ༡༥
བརྒྱུད་སྤེལ།
ཉེ་ལམ། སྡེ་དགེའི་ཨ་ཕྱུག་གི་ཕོ་གསར་ཟླ་ཟླ་ཟེར་བ་ཞིག་གིས་གླིང་གེ་སར་རྒྱལ་པོ་སྐུ་འཁྲུངས་ཡུལ་དང་ཧ་ཅང་ཐག་ཉེ་བའི་ས་ཆ་ནས་བྲག་རིས་ཤིག་གསར་དུ་རྙེད་འདུག
ཨ་ཕྱུག་རྩྭ་ཐང་གི་སྐྱིད་སོས་ཡག་གི་མཁར་མདོ་ནི་ཡོངས་གྲགས་ཀྱི་གླིང་གེ་སར་རྒྱལ་པོའི་འཁྲུངས་ཡུལ་ཡིན་ཞིང་། ས་གནས་དེ་རུ་གླིང་གེ་སར་སྐོར་གྱི་རྗེས་ཤུལ་དང་གཏམ་རྒྱུད་མང་པོ་ཡོད་པ་མ་ཟད་དུས་རབས་བཅུ་བདུན་པ་ཙམ་དུ་གླིང་ཚང་རྒྱལ་པོས་གེ་སར་རྗེས་དྲན་ཁང་ཡང་བཞེངས་མྱངས།
བྲག་རིས་རྙེད་ས་ནི་གླིང་གེ་སར་རྒྱལ་པོ་སྐུ་འཁྲུངས་ཡུལ་གྱི་སྐྱིད་ཁོག་དང་སོས་ཁོག་གཉིས་ལས་སྐྱིད་ཁོག་གླིང་གི་དཔའ་ཐུལ་འཛོམས་སའི་འདུ་ར་སྟག་ཐང་ཁྲ་མོའི་མདུན། ཨ་ཕྱུག་གར་ཆེན་ལུང་པའི་ཕུ་གེ་མཛོ་ཆེ་བཞིའི་ནང་སེ་རྩེའི་བྲག་ངོས་དེ་ཡིན་ཞིང་། བྲག་ངོས་ཐོག་ཏུ་ཤྭ་བ་རྭ་རིང་དང་གཙོད་སོགས་སྲོག་ཆགས་སྣ་མང་གི་གཟུགས་རིས་དང་། ད་དུང་བོན་པོའི་སྙིང་པོ་ཨ་དཀར་ཨ་མད་ཀྱི་ཡིག་གཟུགས་སོགས་ཡོད་པ་མཐོང་རྗེས་བྲག་རིས་ཀྱི་འདྲ་པར་དེ་དག་གངས་ལྗོངས་ཉི་གཞོན་རྩོམ་སྒྲིག་ཁང་དུ་བསྐུར། གངས་ལྗོངས་ཉི་གཞོན་གྱི་རྩོམ་སྒྲིག་པས་འདྲ་པར་དེ་དག་ཡུལ་ཤུལ་གྲོང་ཁྱེར་རིག་གནས་ལོ་རྒྱུས་ཞུབ་འཇུག་ཁང་གི་ཡོའན་ཀྲང་། བོད་ཀྱི་བྲག་རིས་ཆེད་མཁས་པ་འཇམ་དབྱངས་ཉི་མ་སར་བསྐུར་བས་འཇམ་དབྱངས་ཉི་མས་ཀྱང་མཐོང་ཆེན་གནང་ནས་བྲག་རིས་དེ་དག་གི་འདྲ་པར་ལ་ཞིབ་མོར་གཟིགས་རྗེས་ཤྭ་བའི་རི་མོ་དེ་དག་གི་བརྐོ་སྟངས་དང་བཟོ་དབྱིབས་སོགས་ལ་གཞིགས་ན་མ་མཐའ་ལོ་2500ནས་2000ཙམ་ཡོད་པ་དང་། ཡིག་གཟུགས་དེ་དག་ཤྭ་བའི་གཟུགས་བརྙན་དང་བརྐོ་སྟངས་མི་འདྲ་བས་དུས་ཚོད་ཅུང་ཕྱི་ཞིང་། ལོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ཡོད་པའི་དགོངས་ཚུལ་བཏོན།
ས་གནས་དེ་གའི་ཚབ་ཚ་དགོན་པའི་བླ་གྲྭ་དང་ཨ་ཕྱུག་སྲིད་གཞུང་གིས་ཀྱང་མཐོང་ཆེན་བྱས་ཏེ་ཡུལ་དངོས་སུ་རྟོག་ཞིབ་བྱེད་སར་སོང་།
ཕྱིར་ལོག