དྲྭ་ཐོག་ཚོང་དོན་སྤེལ།། དམངས་ཕྱུག་ལམ་བུ་བསྐྲུན།།
ཡོང་ཁུངས། རྔ་སྒྲ།
སྤེལ་དུས།: ༢༠༢༡ ལོའི་ཟླ་ ༡༡ ཚེས་ ༡༢
ཝུན་ཁྲོན་རྫོང་གིས་དྲྭ་ཐོག་ཚོང་དོན་སྤེལ་ཚུལ་བཀོད་པ།



རྒྱལ་ཁབ་དྲྭ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང་གི་གཞི་རྟེན་ལ་བརྟེན་ནས་ཝུན་ཁྲོན་རྫོང་གིས་དྲྭ་སྦྲེལ་+ཡི་དེང་རབས་ཞིང་ལས་དཔེ་སྟོན་གྱི་ལས་དོན་ཤུགས་ཆེན་སྤེལ་བ་དང་། སི་ཁྲོན་དང་མཚོ་སྔོན། ཀན་སུའུ་བཅས་མཐོ་སྒང་གི་ཟོག་འགྲེམ་ཐོན་ལས་གླིང་ཁུལ་མགྱོགས་མྱུར་ངང་བསྐྲུན་ནས། རྔ་བ་ཁུལ་དྲྭ་ཐོག་ཚོང་དོན་འཕེལ་རྒྱས་ལྟེ་གནས(ཝུན་ཁྲོན)ས་ཚིགས་བསྐྲུན་པ་དང་། དྲྭ་ཐོག་ཚོང་དོན་འཕེལ་རྒྱས་ལྟེ་གནས་དང་ཟོག་འགྲེམ་ཚོང་དོན་བང་མཛོད་སྨི་གྲུ་བཞི་མ་17000བསྐྲུན་པ། འཁྱག་སྦྲེལ་ཟོག་འགྲེམ་སྨི་གྲུ་བཞི་མ་6340བསྐྲུན། རྫོང་དང་ཡུལ་ཚོ། གྲོང་སྡེ་བཅས་རིམ་པ་གསུམ་གྱི་དྲྭ་ཐོག་ཚོང་དོན་གཉེར་སྐྱོང་ཞབས་ཞུའི་དྲ་བ་བཙུགས་པ་དང་། ཞིང་ལས་ཁྱད་ལྡན་ཐོན་རྫས་དང་དྲྭ་སྦྲེལ་མཉམ་འདྲེས་གཏིང་ཟབ་ཡོང་བར་ཕྱོགས་ཡོངས་ནས་སྐུལ་སྤེལ་བཏང་ལ། ཅིང་ཏུང་དང་ཧྲུན་ཧྥེང་ཟོག་འགྲེམས་དང་། པའེ་ཧྲི་མྱུར་སྐྱེལ་སོགས་མྱུར་སྐྱེལ་ཀུང་སི་10ལྷག་ནང་འདྲེན་བྱས་ཡོད།
ཝེ་ཀྲོའུ་གྲོང་རྡལ་སུའོ་ཆའོ་གྲོང་སྡེའི་སྡེ་མི་ཁྲེན་ཧུང་ལིའི་ཚང་ལ་ལོ་རེར་སིལ་ཏོག་ལི་སོབ་རྒྱ་མ་ཁྲི་2ལྷག་ཡོད་ཅིང་། དྲྭ་ཐོག་ཚོང་དོན་གཉེར་བ་ནས་བཟུང་ཁོ་ཚང་གི་སིལ་ཏོག་ལི་སོབ་ཚང་མ་སྐད་འཕྲིན་བརྒྱུད་ནས་བཙོངས།

མྱུར་སྐྱེལ་ཟོག་འགྲེམ་ལས་རིགས་འཕེལ་རྒྱས་སུ་སོང་བ་དང་བསྟུན། ཝུན་ཁྲོན་རྫོང་གིས་ཆེད་དོན་མཉམ་ལས་ཁང་དང་ཁྱིམ་ཚང་ཞིང་ར་སོགས་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་བ་ཐའོ་པའོ་དང་ཅིང་ཏུང་སོགས་དྲྭ་ཐོག་ཚོང་དོན་ལས་སྟེགས་སུ་དྲྭ་ཐོག་ཚོང་ཁང་གཉེར། མིག་སྔར་རྫོང་ཡོངས་སུ་དྲྭ་ཐོག་ཚོང་དོན་གྱི་གྲུབ་ཆ་གཙོ་བོ་180ལྷག་དང་། དྲྭ་ཐོག་ཚོང་ཁང་2000ལྷག་ཡོད་པ་དང་། ས་གནས་ཀྱི་དྲྭ་ཐོག་ཚོང་དོན་ཁེ་ལས་19སྐྱེད་སྲིང་དང་འཕེལ་རྒྱས་སུ་བཏང་སྟེ། རྫོང་ཡོངས་སུ་དྲྭ་ཐོག་ཚོང་དོན་བརྒྱ་ཆ་95ཡན་གྱི་གྲོང་སྡེ(སྡེ་ཁུལ)ལ་ཁྱབ་ཡོད།
ཝུན་ཁྲོན་རྫོང་ཞོན་ཁུའུ་གྲོང་རྡལ་ནུང་ཧུའེ་བྱ་དེ་འཕེལ་རྒྱས་ཚད་ཡོད་ཀུང་སིའི་འགན་ཁུར་བ་ལི་རུང་གིས། ངེད་ནུང་ཧུའེ་བྱ་དེའི་འཕེལ་རྒྱས་ཚད་ཡོད་ཀུང་སིར་དེ་བོ་ཁྲི་15ཡོད་ཅིང་། ཉིན་རེར་སྒོ་ང་ཁྲི་10ལྷག་ཡོད། དེ་ལས་སྒོ་ང་གསུམ་ཆ་གཅིག་དྲྭ་ཐོག་ནས་འཚོང་གིན་ཡོད་ཅེས་བཤད།
ཝུན་ཁྲོན་རྫོང་དཔལ་འབྱོར་ཚོང་དོན་དང་ཆ་འཕྲིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧྥུའུ་ཡིའུ་ཀང་གིས་ངོ་སྤྲད་པ་ལྟར་ན། དྲྭ་ཐོག་ཚོང་དོན་ཁྱབ་ཁོངས་སུ་འཚོལ་ཞིབ་དང་ལག་ལེན་བྱས་པ་བརྒྱུད། ཝུན་ཁྲོན་རྫོང་གིས་སྔ་རྗེས་སུ་ཨ་ལི་དང་འཁྱུག་དབྱངས། ཅིང་ཏུང་། ཧྲུན་ཧྥེང་། ཕིན་ཏུའོ་ཏུའོ་སོགས་དྲྭ་ཐོག་ཚོང་དོན་རིགས་དང་ཟོག་འགྲེམས་རིགས་ཀྱི་ལས་སྟེགས་ཁེ་ལས་བར་དང་གན་རྒྱ་བཞག་ནས་ཝུན་ཁྲོན་གྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་བཙོངས།
