མཛེས་ཤིང་ལྟ་ན་སྡུག་པའི་མཚོ་བོད་ས་མཐོ།

ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༢༡ ལོའི་ཟླ་ ༡༡ ཚེས་ ༡༢


འདི་ནི་ཉེ་ཆར་པར་བླངས་པའི་མཚོ་སྔོན་ཁྲི་ཀ་རྫོང་ཁོངས་ཀྱི་ཏན་ཞ་ཡི་མཛེས་ལྗོངས་ཡིན་པ།

     སྟོན་ཁ་དང་དགུན་ཁ་བརྗེ་བའི་མཚམས་སུ་མཚོ་སྔོན་གྱི་མཛེས་ལྗོངས་ལྷག་པར་མཛེས་ཤིང་། དམར་མདངས་བཀྲ་བའི་ཏན་ཞ་དང་། གཡུ་མདོག་གི་རྨ་ཆུ། ཁམ་མདོག་གི་རྩྭ་ཐང་། དངུལ་མདོག་གི་གངས་རི་བཅས་ལས་ས་མཐོའི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཤིག་གྲུབ་ཡོད།
འདི་ནི་ཉེ་ཆར་པར་བླངས་པའི་མཚོ་སྔོན་ཁྲི་ཀ་རྫོང་གི་མཚོ་མོ་འཇོ་སྒེག་སྟོང་ལྡན་གྱི་མཛེས་ལྗོངས་ཡིན་པ།