མི་ཉག་རྡོ་ར་དཀར་མོའི་རིག་གནས་ཡུལ་སྐོར་དང་འབྲེལ་བའི་གྲོས་ཚོགས།
ཡོང་ཁུངས། ཁམས་པའི་དྲ་བ།
སྤེལ་དུས།: ༢༠༢༡ ལོའི་ཟླ་ ༡༠ ཚེས་ ༢༢


གྲོས་ཚོགས་ཐོག་ལ་ཚོགས་ཞུགས་མི་སྣ་ཚོས་མི་ཉག་རིག་གནས་སྒྱུ་རྩལ་དངོས་མང་བཤམ་སྟོན་ལྟེ་གནས་ཀྱི་ངོ་སྤྲོད་དྲིལ་བསྒྲགས་བརྙན་ཐུང་ལ་བལྟས་པ་དང་རྡོ་ར་དཀར་མོ་རིག་གནས་ཡུལ་སྐོར་ཐོན་ལས་གླིང་གི་ལས་གཞིའི་འགན་ཁུར་བས་འབྲེལ་ཡོད་གནས་ཚུལ་ཞུས་པར་ཉན་འཇོག་བྱས་ཡོད། དེ་ནས་ཆེད་གདན་ཆེད་རམས་པ་དང་འབྲེལ་ཡོད་སྡེ་ཚན་གྱིས་བཞུགས་མོལ་གཙོ་དོན་ལ་དམིགས་ནས་སྔ་ཕྱིར་གཏམ་བཤད་བྱས་པ་རེད། གྲོས་ཚོགས་མ་འཚོག་པའི་སྔོན་ལ། ཆེད་གདན་ཆེད་རམས་པ་ཁ་ཤས་དང་འབྲེལ་ཡོད་ལས་སྒྲུབ་མི་སྣ་མི་ཉག་རིག་གནས་སྒྱུ་རྩལ་དངོས་མང་བཤམ་སྟོན་ལྟེ་གནས་སུ་རྟོག་ཞིབ་ཏུ་ཕྱིན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཟླ9ཚེས26ཉིན་ལ་རྡོ་ར་དཀར་མོ་རིག་གནས་ཡུལ་སྐོར་ཐོན་ལས་གླིང་ལ་རྒྱལ་ཁབ་རིམ་པའིA3ལྗོངས་ཁུལ་གྱི་སྒོ་བྱང་སྤྲད་པ་དང་སྒོ་ཕྱེ་བའི་མཛད་སྒོ་སྤེལ་ཡོད་ཅིང་། རྡོ་ར་དཀར་མོའི་རིག་གནས་ཡུལ་སྐོར་ཐོན་ལས་གླིང་ནི་ཀྲུང་གོའི་ཡུལ་ལྗོངས་ལམ་ཆེནG318དངG317པའི་འབྲེལ་མཐུད་ས་མཚམས་ཏེ་ཤར་གྱི་བཞག་མོ་ཞེས་གངས་རི་ཉམས་དགའ་བ་དེའི་རི་གཤམ་དུ་ཆགས་ཡོད། ལྗོངས་ཁུལ་དེའི་སྲོག་ཤིང་དུ་གྱུར་པའི་མི་ཉག་རིག་གནས་སྒྱུ་རྩལ་དངོས་མང་བཤམ་སྟོན་ལྟེ་གནས་དེའི་བཟོ་བཀོད་ལེགས་ཤིང་བརྗིད་ཆགས་ཉམས་དགའ་ལ་བོད་ལུགས་སྲོལ་རྒྱུན་འཛུགས་སྐྲུན་ཁྱད་ཆོས་ཀྱིས་མངོན་པར་ཕྱུག་ཡོད། དེ་ལ་བཤམ་སྟོན་ཁང་དང་དཔེ་མཛོད་ཁང་། སྤྲོ་གསེང་ཁང་བཅས་ཀྱི་བྱེད་ནུས་གཅིག་ཏུ་འདུས་ཡོད་ཅིང་། དཔེ་མཛོད་ཁང་དུ་ད་ཆའི་བར་རྒྱ་བོད་དབྱིན་གསུམ་གྱི་རིགས་མང་དཔེ་ཆ་ཁྲི300ལྷག་ཉར་ཚགས་བྱས་ཡོད་པ་དང་། བཤམ་སྟོན་ཁང་ལ་ཡང་མི་ཉག་ལོ་རྒྱུས་དང་དམངས་སྲོལ། བཟོ་སྐྲུན། གོས་རྒྱན། བཟའ་བཏུང་། གེ་སར་རིག་གནས། དེ་བཞིན་གནས་མཆོག་དཀར་མཛེས་ཁུལ་དང་། ཏང་གི་ལོ་རྒྱུས། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ40འཁོར་བའི་གྲུབ་འབྲས། ཀྲུང་གོའི་སྲོལ་རྒྱུན་རིག་གནས། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་སྐོར་སོགས་ཀྱི་འགྲེམ་སྟོན་བྱེད་ས་ཡོད་པ་རེད།
རྡོ་ར་དཀར་མོ་རིག་གནས་ཡུལ་སྐོར་ཐོན་ལས་གླིང་གི་ཕྱིན་ཆད་ཀྱི་དམིགས་འབེན་ནི་རྒྱལ་ཁབ་རིམ་པའིA4དངA5ཡི་ལྗོངས་ཁུལ་གྱི་གྲས་སུ་ཚུད་ཐབས་བྱ་རྒྱུ་དེ་ཡིན།
ཆེད་གདན་ཆེད་རམས་པ་དང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན། དར་མདོ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན། རྡོ་ར་དཀར་མོ་རིག་གནས་ཡུལ་སྐོར་ཐོན་ལས་གླིང་གི་འགན་ཁུར་མི་སྣ་དང་ལས་སྒྲུབ་མི་སྣ་བཅས་བཞུགས་མོལ་གྲོས་ཚོགས་སུ་ཞུགས་ཡོད།
རྡོ་ར་དཀར་མོའི་མི་ཉག་རིག་གནས་སྒྱུ་རྩལ་དངོས་མང་བཤམ་སྟོན་ལྟེ་གནས་ཀྱི་ཕྱི་ནང་གི་བཀོད་པ།