ཕག་པའི་མཁལ་མ་མི་ལུས་ལ་སྤོ་འཛུཊ་བྱེད་པའི་ཚོད་ལྟ་ལེགས་གྲུབ་བྱུང་བ།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
སྤེལ་དུས།: ༢༠༢༡ ལོའི་ཟླ་ ༡༠ ཚེས་ ༢༢

གནས་ཚུལ་སྤེལ་བར་གཞིགས་ན། ཚོད་ལྟ་དེ་ཉིའུ་ཡུའེ་གཙུག་ལག་སློབ་གྲྭ་ཆེན་མོའི་ལང་ཀེ་ཉི་བདེ་ཐང་ལྟེ་གནས་(NYULangone Health)སུ་སྤེལ་བ་དང་། རིགས་གཅིག་མཁས་ཅན་གྱིས་གཞི་རྒྱུ་འགྱུར་བ་བྱུང་ནས་མི་ལུས་ཀྱིས་ཕྱིར་འབུད་བྱེད་རྐྱེན་དུ་འགྲོ་བའི་ཆ་རྡུལ་མེད་པར་གྱུར་པའི་ཕག་པའི་མཁལ་མ་ཞིག་མི་ཡི་ལུས་སུ་སྤོ་འཛུགས་བྱས་པ་དང་། སྤོ་འཛུགས་བྱ་ཡུལ་ནི་ཀླད་ཤི་ནད་ཕོག་ཅིང་མཁལ་མའི་ནུས་པ་ཆ་ཚང་མེད་པའི་བུད་མེད་ཀླད་ནད་ཅན་ཞིག་ཡིན་པ་རེད། ཁོ་མོའི་ཚེ་སྲོག་གི་རྒྱུན་སྐྱོང་བའི་མ་ལག་མ་བཅད་གོང་ནང་མིས་ཚོད་ལྟ་དེར་མོས་མཐུན་བྱས་ཡོད།

ཞིབ་འཇུག་དེའི་འགན་འཁུར་མཁན་ཕྱི་ནད་ཚན་ཁག་གི་སྨན་པ་འབུམ་རམས་པ་ལུའོ་པོ་ཐེ·མོང་ཀོ་མ་ལི་ཡིས་ལུའུ་ཐུའུ་ཁང་གིས་བཅར་འདྲི་དང་ལེན་བྱེད་སྐབས། སྤོ་འཛུགས་བྱས་པའི་མཁལ་མའི་ནུས་པར་ཚད་ལེན་ཚོད་ལྟ་བྱས་འབྲས་“ཧ་ཅང་རྒྱུན་ལྡན་དུ་མཐོང་”ཞིང་། མཁལ་མ་གསར་པའི་གཅིན་གཤེར་ཐོན་ཚད་“སྔོན་དཔག་དང་མཐུན་”འདུག གཞན་ཡང་། ལེགས་བཅོས་མ་བྱས་པའི་ཕག་པའི་མཁལ་མ་མི་མ་ཡིན་པའི་བློ་ལྡན་སྲོག་ཆགས་ཀྱི་ལུས་སུ་སྤོ་འཛུགས་བྱས་པར། སྤོ་འཛུགས་བྱས་པ་ཐག་ནས་ཕྱིར་འབུད་བྱེད་པ་ར་སྤྲོད་ཐུབ་པའི་དཔང་རྟགས་ཀྱང་རྙེད་མེད་ཅེས་བརྗོད་པ་རེད།
མོང་ཀོ་མ་ལི་ཡིས་མཁལ་མ་སྤོ་འཛུགས་ཀྱི་ཚོད་ལྟ་དེས་འབྱུང་འགྱུར་གྱི་ལོ་གཅིག་གཉིས་ནང་མཁལ་མའི་ནུས་པ་ཉམས་པའི་མཇུག་དུས་སུ་སླེབས་པའི་ནད་པར་ཚོད་ལྟ་བྱེད་པར་གདམ་གསེས་གསར་པ་ཞིག་བསྐྲུན་ཡོད། ཚོད་ལྟ་འདི་རིགས་ནད་གཞི་ལྕི་པོ་ཕོག་པའི་ནད་པར་མིའི་རིགས་ཀྱི་མཁལ་མ་རྙེད་རག་བར་གྱི་དུས་ཐུང་གི་སྨན་བཅོས་ཇུས་གཞིར་སྤྱོད་རྒྱུ་ཡིན་པ་དང་། དེ་གཏན་འཇགས་རང་བཞིན་གྱིས་སྤོ་འཛུགས་བྱེད་ཐུབ་ངེས་ཀྱང་སྲིད་ཅེས་བརྗོད་པ་རེད།
མོང་ཀོ་མ་ལི་ཡིས་ད་དུང་མིག་སྔའི་ཚོད་ལྟ་དེ་མཁལ་མའི་སྤོ་འཛུགས་ཁོ་ནའི་ཚོད་ལྟ་ཞིག་ཡིན་མོད། མཁལ་མ་ལུས་ཐོག་ཏུ་ཉིན་གསུམ་འཚོ་གནས་ཐུབ་ཡོད་པས་སླད་ཕྱིན་གྱི་ཚོད་ལྟ་གང་རུང་ཁྲོད་གནད་དོན་ཐག་གཅོད་བྱེད་ཐབས་གསར་པ་རྙེད་ངེས་ཡིན་ཞེས་བརྗོད་པ་རེད།