ཁོང་རྣམ་པས་འགྲེམ་ཚོགས་འདིའི་ཐོག་རང་མི་རིགས་རིག་གནས་དར་སྤེལ་བཏང་།
ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༢༡ ལོའི་ཟླ་ ༩ ཚེས་ ༡༨

རྒྱུས་ལོན་བྱས་པར་གཞིགས་ན། ཐེངས་འདིའི་འགྲེམ་ཚོགས་ཐོག་སི་ཁྲོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་17གྱིས་ལྗང་མདོག་སྐྱེ་ཁམས་དང་། སྨན་རྫས་བདེ་ཐང་། རིག་གནས་ཡུལ་སྐོར། ཟས་རིགས་འཐུང་ཆུ། སྒྲིག་ཆས་བཟོ་སྐྲུན་སོགས་ཀྱི་ཁྱབ་ཁོངས་གཙོ་བོར་བྱས་པའི་འགྲེམ་ཚོང་སྤེལ་བ་དང་། དཀར་མཛེས་ཁུལ་དང་རྔ་བ་ཁུལ་གཉིས་ཀྱིས་ཁུལ་དང་རྫོང་ཁག་སོ་སོའི་ཁྱད་ཆོས་དང་ལེགས་ཆ་འབུར་དུ་ཐོན་པའི་ཁྱད་ལྡན་ཐོན་རྫས་བགྲང་ལས་འདས་པ་ཞིག་འགྲེམ་ཚོང་བྱས་ཡོད།



ཐེངས་འདིའི་འགྲེམ་ཚོགས་ཉིན་ལྔའི་རིང་སྤེལ་རྒྱུ་ཡིན་ཏེ། སྤྱི་ཚེས་20ཉིན་དངོས་སུ་མཇུག་བསྒྲིལ་རྒྱུ་རེད།