རྟའུ་རྫོང་གིས་ལྔ་པའི་སོ་ནམ་རིག་གནས་ཡུལ་སྐོར་དུས་ཆེན་སྤེལ་བ།

ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༢༡ ལོའི་ཟླ་ ༧ ཚེས་ ༣༠
       ཟླ་7ཚེས་23ཉིན་དུས་ཡུན་ཉིན་7ཡིན་པའི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་རྟའུ་རྫོང་གི་ལྔ་པའི་སོ་ནམ་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དྲུག་པ་མཇུག་འགྲིལ་བ་རེད། ཡུལ་སྐོར་དུས་ཆེན་རིང་མི་རྣམས་ཀྱིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོར་ཞུགས་ནས་དུས་ཆེན་དགའ་གཏོང་བྱས་པ་དང་། བོད་ཟླ་ལྔ་པ་ནི་ཞིང་དལ་དུས་ཚིགས་ཡིན་པས་ས་གནས་དེ་གའི་མང་ཚོགས་ཀྱིས་བྱེད་སྒོ་སྣ་ཚོགས་སྤེལ་ནས་ཆར་ཆུ་དུས་སུ་འབབ་པ་དང་ལོ་ཕྱུགས་རྟག་ཏུ་ལེགས་པའི་སྨོན་ལམ་འདེབས་ཀྱི་ཡོད།