ཟུང་ཆུ་རྫོང་གིས་ས་མཐོའི་དེང་རབས་ཞིང་ལས་ཐོན་ལས་གླིང་བསྐྲུན་པ།
ཡོང་ཁུངས། རྔ་བའི་བོད་ཡིག་གསར་འགྱུར།
སྤེལ་དུས།: ༢༠༢༡ ལོའི་ཟླ་ ༧ ཚེས་ ༨

ད་ལོར་ཟུང་ཆུ་རྫོང་གིས་གྲུབ་ཚུལ་ལེགས་སྒྲིག་དང་ཁྱད་ཆོས་དམ་འཛིན། ཚོང་རྟགས་གསར་གཏོད། རྟེན་གཞི་འཛུགས་སྐྲུན། ཚོང་ར་རྒྱ་བསྐྱེད་བཅས་གཙོ་གནད་དུ་བཟུང་སྟེ། མ་དངུལ་སྒོར་ཁྲི་2200བཏང་ནས་གཙོ་ཚང་རྒུ་གྲོང་རྡལ་དུ་མུའུ་3400ཡི་ས་མཐོའི་དེང་རབས་ཞིང་ལས་ཐོན་ལས་གླིང་བསྐྲུན། གླིང་ཁུལ་དུས་ཐེངས་གཉིས་ལ་བགོས་ནས་བསྐྲུན་རྒྱུ་བྱས། དུས་ཐེངས་དང་པོའི་ལྟེ་བའི་ཁུལ་དུ་གཙོ་བོ་དེང་རབས་ཀྱི་དྲོད་ཁང་དང་ཞིང་ལས་ཚན་རྩལ་འགྲེམས་སྟོན་ཁང་། རྩྭ་པད་མའི་སྨན་རྫས་རྟེན་གཞི། མ་ལག་ཚང་བའི་ཆུ་འདྲེན་དང་ཐོན་སྐྱེད་ལྟ་སྐོར་གྱི་འགྲོ་ལམ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ།
