སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་བཙུགས་ནས་ལོ་༤༠འཁོར་བའི་གྲུབ་འབྲས་ཚོགས་འདུ་སྙན་ཞུ་དར་མདོ་རུ་སྤེལ།
ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༢༡ ལོའི་ཟླ་ ༦ ཚེས་ ༢༩
ཟླ༦པའི་ཚེས་༢༨ཉིན་གྱི་སྔ་དྲོར། ཏང་བཙུགས་ནས་ལོ་༡༠༠འཁོར་བ་དང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་བཙུགས་ནས་ལོ་༤༠འཁོར་བའི་གྲུབ་འབྲས་ཚོགས་འདུ་སྙན་ཞུ་དེ་དར་མདོ་རུ་སྤེལ།
སི་ཁྲོན་ཞིང་ཆེན་འཐབ་འགྱུར་པུའུ་ཡི་པུའུ་ཀྲང་གཞོན་པ། ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་ཀྲང་ཧྥུ་གོས་གསུང་བཤད་གནང་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་འབྲེལ་ས་ཁུལ་གྱི་ཕྱོགས་གང་ཐད་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཅིང་། ལྷག་པར་དུ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ལོ་བཞི་བཅུའི་རིང་དུ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་ནི་ཏང་བཙུགས་ནས་ལོ་བརྒྱ་འཁོར་བའི་ལེགས་སྐྱེས་བཟང་པོ་ཞིག་རེད་ཅེས་གསུངས། དཀར་མཛེས་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཁྲེང་ཅིན་དང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་གཙོ་འཇམ་བློས་ཤིས་ཚིག་ཕུལ་ཞིང་། སློབ་གྲྭའི་ཧྲུའུ་ཅི་གཞོན་པ་ཚེ་རིང་རྡོ་རྗེས་ཚོགས་འདུ་གཙོ་སྐྱོང་གནང་།

སི་ཁྲོན་ཞིང་ཆེན་འཐབ་འགྱུར་པུའུ་ཡི་པུའུ་ཀྲང་གཞོན་པ།
ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་ཀྲང་ཧྥུ་གོས་གསུང་བཤད་གནང་བཞིན་པ།

དཀར་མཛེས་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཁྲེང་ཅིན་གྱིས་ཤིས་ཚིག་འབུལ་བཞིན་པ།

སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་གཙོ་འཇམ་བློས་ཤིས་ཚིག་འབུལ་བཞིན་པ།
ཚོགས་འདུ་མཇུག་སྒྲིལ་རྗེས་བོད་ཡིག་སློབ་གྲྭའི་སློབ་མ་སྟོང་ལྷག་གིས་“ལོ་བརྒྱའི་སྟོན་ཆེན།”“ཡང་བསྐྱར་ཏང་ལ་གླུ་ཞིག་ལེན།”“བཀྲ་ཤིས་པའི་དུས་ཆེན”སོགས་རིག་རྩལ་འཁྲབ་སྟོན་བྱས།
ཕྱི་དྲོར། སློབ་གྲྭའི་དུས་ཆེན་ཐོག་ཕེབས་པའི་འགོ་ཁྲིད་དང་སྐུ་མགྲོན་ཚོས་སློབ་གྲྭའི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་པ་རེད།







སློབ་གྲྭའི་གྲུབ་འབྲས་འགྲེམས་སྟོན།