2020ལོར་རང་རྒྱལ་གྱི་རྒྱལ་ནང་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་100ལས་ཐེངས་དང་པོ་བརྒལ་བ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
སྤེལ་དུས།: ༢༠༢༡ ལོའི་ཟླ་ ༡ ཚེས་ ༢༡

        ཀྲུང་གོའི་དཔལ་འབྱོར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ།
▶ 2020ལོར་རང་རྒྱལ་གྱི་རྒྱལ་ནང་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར་ཁྲི་100ལས་ཐེངས་དང་པོ་བརྒལ་ནས་སྒོར་དུང་ཕྱུར་1015986ཟིན་ཡོད། བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་ན། ལོ་གོང་མ་ལས་2.3%འཕར་ཡོད།
▶ GDPསྒོར་དུང་ཕྱུར་ཁྲི་100ལས་བརྒལ་བ་དེར་ཐུན་མོང་འབད་འཐབ་དང་མཉམ་སྤྱོད་འཕེལ་རྒྱས་གཅིག་ཏུ་སྒྲིལ་ཡོད་པས་མི་ཚང་མར་ཐོབ་སྣང་བྱུང་ཡོད།
▶ ཡུན་ནན་གྱིས། ལི་སུའུ་རིགས། ཏུའུ་ལུང་རིགས། ནུའུ་རིགས། ཕུའུ་སྨི་རིགས་བཅས་མི་རིགས་ཚང་མ་དབུལ་སྒྲོལ་ཐུབ་པ་དང་རྫོང་དབུལ་པོ་88དབུལ་པོའི་གྲས་ནས་དབུལ་སྒྲོལ་ཐུབ་ཡོད་ཅེས་སྙན་སེང་ཞུས་ཡོད།
▶ ཀོང་ཤིས་ཀྱིས། རུང་ཧྲུའེ་མེའོ་རིགས་རང་སྐྱོང་རྫོང་སོགས་རྫོང་དབུལ་པོ་8དབུལ་ཞྭ་ཕུད་པ་དང་རྫོང་དབུལ་པོ་54དབུལ་པོའི་གྲས་ནས་དབུལ་སྒྲོལ་ཐུབ་ཡོད་ཅེས་སྙན་སེང་ཞུས་ཡོད།
▶ ཀུའེ་ཀྲོའུ་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་རྫོང་དབུལ་པོ་ལྷག་མ་9རྫོང་དབུལ་པོའི་གྲས་ནས་ཕྱིར་འཐེན་བྱས་ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད།

        ཀྲུང་གོའི་དཔལ་འབྱོར་སྐས་རིམ་གསར་པ་ཞིག་ཏུ་སླེབས་འདུག
        རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཟླ་1ཚེས་18ཉིན་ཁྱབ་བསྒྲགས་བྱས་པར་གཞིགས་ན། རྩིས་བཤེར་རགས་ཙམ་བྱས་པ་བརྒྱུད་2020ལོར་རང་རྒྱལ་གྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར་ཁྲི་100ལས་ཐེངས་དང་པོ་བརྒལ་ནས་སྒོར་དུང་ཕྱུར་1015986ཟིན་ཡོད། བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་ན། ལོ་གོང་མ་ལས་2.3%འཕར་ཡོད།
        — GDPསྒོར་དུང་ཕྱུར་ཁྲི་100ལས་བརྒལ་བ་དེ་ལས་སླ་པོར་བྱུང་བ་ཞིག་མིན་པས་ཧ་ཅང་དཀོན་པོ་རེད། དེའི་ཐོག་ནས་ཀྲུང་དབྱང་གི་བརྡར་གཅོད་ནུས་པ་དང་། ཐབས་ཇུས་འགོད་ནུས། བྱ་སྤྱོད་སྤེལ་ནུས་བཅས་མངོན་ཡོད།
        2020ལོར་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་ཏོག་གསར་གློ་ཚད་རིམས་ནད་གློ་བུར་དུ་ཐོན་ནས་འཛམ་གླིང་གི་དཔལ་འབྱོར་དེ་འཛམ་གླིང་དམག་ཆེན་གཉིས་པ་མཇུག་འགྲིལ་རྗེས་ཀྱི་ཉམས་ཆག་ཚབས་ཆེ་ཤོས་ཀྱི་གནས་ལ་གྱར་ཡོད། གློ་བུར་དུ་ཐོན་པའི་རྡབ་རྡེག་ལས་རང་རྒྱལ་གྱི་དུས་ཚིགས་དང་པོའི་GDPདུས་མཚུངས་ལས་6.8%ཆག་ནས་དུས་ཚིགས་རེའི་བསྡོམས་རྩིས་གྲངས་གཞི་ཡོད་པ་ནས་བཟུང་གི་ལྡོག་འཕར་ཐེངས་དང་པོ་བྱུང་ཡོད།
        “རང་རྒྱལ་འཕེལ་རྒྱས་ཀྱི་མི་མངོན་སྟོབས་ཤུགས་ཆེན་པོ་དང་སྒུལ་ནུས་ཆེན་པོ་གང་ལེགས་མངོན་ཚེ། གཞི་ནས་ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་ཐུབ” ཉེན་ཁར་ཐུག་པའི་སྐབས་དང་འགག་རྩའི་དུས་སུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ་དང་། དུས་བབ་ལ་བརྡར་གཅོད་ཡང་དག་བྱེད་པ། ཇུས་འགོད་བཀོད་སྒྲིག་ཞིབ་ཚགས་བྱེད་པ། ཐག་ཆོད་པོས་བྱ་སྤྱོད་སྤེལ་བ་བཅས་གནང་སྟེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་གནང་ཡོད། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་རྒྱག་འགོ་ཚུགས་པ་དང་བསྟུན་ནས་ནོར་སྲིད་ཀྱི་མཚལ་ཡིག་སྒོར་དུང་ཕྱུར་ཁྲི་1མང་དུ་ཕྱིན་ཡོད། དེ་རྗེས་སྒོར་དུང་ཕྱུར་ཁྲི་1ཟིན་པའི་རིམས་འགོག་གི་དམིགས་བསལ་རྒྱལ་བུན་འགྲེམས་སྤེལ་བྱས་ནས་དངུལ་རྩའི་ཁོངས་གཏོགས་ཀྱིས་དངོས་ཚན་དཔལ་འབྱོར་ལ་ཕན་པ་སྒོར་དུང་ཕྱུར་ཁྲི་1.5སྤྲོད་རྒྱུར་སྐུལ་འདེད་བཏང་བ་དང་གསར་དུ་ཁྲལ་རིན་གཉིས་གཅོག་སྒོར་དུང་ཕྱུར་ཁྲི་2.5བྱས་ཡོད།

        སྲིད་ཇུས་ཀྱི་བྱ་ཐབས་སྣ་མང་མཉམ་སྤྱོད་བྱས་པ་དེ་དག་ཚང་མ་གནད་འཁེལ་བྱུང་བ་དང་མཉམ་ཤུགས་ཆེན་པོ་ལྡན་ཡོད། ཀྲུང་གོས་རིམས་ནད་ཐོག་མར་ཚོད་འཛིན་ཐུབ་པ་དང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཐོག་མར་ཐུབ་པ། དཔལ་འབྱོར་ཆག་པ་ནས་འཕར་བ་ཐོག་མར་མངོན་འགྱུར་ཐུབ་ཡོད། 2020ལོའི་ལོ་ཧྲིལ་པོར་བལྟས་ན། ཀྲུང་གོའི་དཔལ་འབྱོར་གྱི་དུས་ཚིགས་རེའི་འཕར་ཚད་-6.8%དང་། 3.2% 4.9% 6.5%བཅས་རིམ་བཞིན་འཕར་ཡོད། སྔོན་དཔག་བྱས་ན། གོ་ལ་ཧྲིལ་པོའི་ནང་དཔལ་འབྱོར་དྲང་འཕར་ཐུབ་པའི་དཔལ་འབྱོར་བྱེད་པོ་གཙོ་བོ་འབའ་ཞིག་དེར་འགྱུར་རྒྱུ་དང་འཛམ་གླིང་གི་དཔལ་འབྱོར་ཁྲོད་ཀྱི་ཐོབ་སྐལ་ཡང་2019ལོའི་16.3%ནས་17%ཙམ་བར་འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ཀྲུང་གོ་གསར་པའི་ལོ་རྒྱུས་ཐོག་སྤྱིར་བཏང་གཏན་ནས་མིན་པའི་ལོ་འདིའི་ནང་མི་དམངས་བློ་ཡིད་ཚིམ་པ་དང་། འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པ། ལོ་རྒྱུས་དེབ་ཐེར་ཐོག་འགོད་ཆོག་པའི་རྒྱུགས་ལན་ཞིག་ཕུལ་ཡོད།

        — GDPསྒོར་དུང་ཕྱུར་ཁྲི་100ལས་བརྒལ་བ་དེར་ཐུན་མོང་འབད་འཐབ་དང་མཉམ་སྤྱོད་འཕེལ་རྒྱས་གཅིག་ཏུ་སྒྲིལ་ཡོད་པས་མི་ཚང་མར་ཐོབ་སྣང་བྱུང་ཡོད།
        ཡུན་ནན་གྱིས། ལི་སུའུ་རིགས། ཏུའུ་ལུང་རིགས། ནུའུ་རིགས། ཕུའུ་སྨི་རིགས་བཅས་མི་རིགས་ཚང་མ་དབུལ་སྒྲོལ་ཐུབ་པ་དང་རྫོང་དབུལ་པོ་88དབུལ་པོའི་གྲས་ནས་དབུལ་སྒྲོལ་ཐུབ་ཡོད་ཅེས་སྙན་སེང་ཞུས་པ།
        ཀོང་ཤིས་ཀྱིས། རུང་ཧྲུའེ་མེའོ་རིགས་རང་སྐྱོང་རྫོང་སོགས་རྫོང་དབུལ་པོ་8དབུལ་ཞྭ་ཕུད་པ་དང་རྫོང་དབུལ་པོ་54དབུལ་པོའི་གྲས་ནས་དབུལ་སྒྲོལ་ཐུབ་ཡོད་ཅེས་སྙན་སེང་ཞུས་པ།
        2020ལོར་དགའ་འོས་པའི་གཏམ་བཟང་ཡང་ཡང་ཐོན་ཡོད། ཟླ་11ཚེས་23ཉིན་ཀུའེ་ཀྲོའུ་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་རྫོང་དབུལ་པོ་ལྷག་མ་9རྫོང་དབུལ་པོའི་གྲས་ནས་ཕྱིར་འཐེན་བྱས་ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད། དེས་ན་རང་རྒྱལ་གྱི་རྫོང་དབུལ་པོ་832ཚང་མ་དབུལ་ཞྭ་ཕུད་ཡོད། ལོ་8བསྟུད་མར་འབད་འཐབ་བྱས་པ་བརྒྱུད། ང་ཚོས་དུས་བཀག་ལྟར་དུས་རབས་གསར་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ལེགས་གྲུབ་ཐུབ་པ་དང་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁབ་ཕུ་ཐག་གཅོད་པའི་ཐད་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད།
        2020ལོར་རང་རྒྱལ་གྱིས་དབུལ་པོ་དབུལ་རྐྱང་དང་ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་དབུལ་པོ་གཙང་སེལ་བྱས་ནས་ལོ་10སྔ་བསྣུར་དུ《མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ》ནང་གི་དབུལ་པོ་ཉུང་གཏོང་གི་དམིགས་ཚད་ལེགས་གྲུབ་ཐུབ་པ་མ་ཟད། ད་དུང་མི་འབོར་དབུལ་པོ་ཅུང་མང་བའི་ཀོང་ཤིས་དང་། སི་ཁྲོན། ཀུའེ་ཀྲོའུ། ཡུན་ནན། ཀན་སུའུ། ཉིང་ཞ། ཤིན་ཅང་བཅས་ཞིང་ཆེན་བདུན་གྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་མིང་ཐོག་འཕར་ཚད་ཚང་མ་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་གྲོང་མིའི་འཕར་ཚད་ལས་བརྒྱ་ཆའི་གྲངས་0.2ནས་1.7བར་མཐོ་རུ་ཕྱིན་ཡོད།
        དེ་ལྟ་བུའི་ཧ་ལས་པའི་གྲུབ་འབྲས་ལས་ཀྲུང་གོའི་གནད་སྨིན་དབུལ་སྐྱོར་གྱི་འདུ་ཤེས་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡིག་ཆའི་ནང་བཀོད་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སི་ཡིས་ཀྲུང་གོར“དབུལ་པོ་ཉུང་གཏོང་ཁྱབ་ཁོངས་ཀྱི་འཛམ་གླིང་གི་ཟིན་ཐོ་རྒྱུན་འཁྱོངས་བྱེད་མཁན”རེད་ཅེས་འབོད་ཀྱི་ཡོད།
        —GDPསྒོར་དུང་ཕྱུར་ཁྲི་100ལས་བརྒལ་བ་དེ་གསར་གཏོད་སྣེ་ཁྲིད་དང་གྲུབ་ཆ་ལེགས་གཏོང་བྱས་པ་མཚོན་པས་འཕེལ་རྒྱས་ཀྱི་མདུན་ལམ་དེ་བས་ལེགས་པ་ཡོད།
        GDPསྒོར་དུང་ཕྱུར་ཁྲི་100ལས་བརྒལ་བ་དེ་ཐོག་ནས་ཕྱོགས་བསྡུས་རྒྱལ་སྟོབས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་མཚོན་ཡོད། 2020ལོར་རང་རྒྱལ་གྱི་འབྲུ་རིགས་སྤྱིའི་ཐོན་འབབ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་ལོ་6བསྟུད་མར་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་རྒྱུན་འཁྱོངས་བྱས་ནས་འཛམ་གླིང་གི་ཨང་དང་པོའི་གནས་བབ་ཐོག་བརྟན་པོར་གནས་ཡོད། བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྔོན་དཔག་བྱས་ན། ལོ་11བསྟུད་མར་འཛམ་གླིང་གི་ཨང་དང་པོར་སླེབས་རྒྱུ་རེད། མྱུར་བགྲོད་ལྕགས་ལམ་གཉེར་སྐྱོང་གི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་3.8ཟིན་པ་དང་། མྱུར་བགྲོད་གཞུང་ལམ་གྱི་ལམ་ཚད་སྤྱི་ལེ་ཁྲི་15.5ལྷག་ཙམ་ཟིན་པ། 5Gམཐའ་སྣེ་སྦྲེལ་གྲངས་དུང་ཕྱུར་2ལས་བརྒལ་བ་བཅས་ཚང་མ་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད།
ཛ        GDPསྒོར་དུང་ཕྱུར་ཁྲི་100ལས་བརྒལ་བ་དེ་ཐོག་ནས་གྲུབ་ཆ་ལེགས་གཏོང་གི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་པ་མཚོན་ཡོད། 2020ལོར་རང་རྒྱལ་གྱི་ཐོན་ལས་གསུམ་པའི་རིན་ཐང་འཕར་མས་GDPཡི་བསྡུར་གྲངས་བཟུང་ཚད་54.5%ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་0.2མཐོ་རུ་ཕྱིན་པ་དང་། མཐའ་མཇུག་གི་འཛད་སྤྱོད་འགྲོ་སོང་གིས་GDPཡི་བསྡུར་གྲངས་བཟུང་ཚད་54.3%ཟིན་པ་དེ་མ་རྩ་གྲུབ་པའི་དངུལ་འབོར་ལས་བརྒྱ་ཆའི་གྲངས་11.2ཀྱིས་མཐོ་བ་ཡོད།
        GDPསྒོར་དུང་ཕྱུར་ཁྲི་100ལས་བརྒལ་བ་དེ་ཐོག་ནས་ལྗང་མདོག་འཕེལ་རྒྱས་ལ་བཀྲག་མདངས་འཚེར་བ་མཚོན་ཡོད། 2020ལོར་རང་རྒྱལ་གྱི་རྩིས་གཞིའི་GDPནུས་རྒྱུའི་ཟད་གྲོན་ཆག་པ་དང་། ནུས་རྒྱུ་གཙང་མ་འཛད་སྤྱོད་བྱེད་ཚད་ཀྱིས་ནུས་རྒྱུའི་འཛད་སྤྱོད་སྤྱི་འབོར་གྱི་བསྡུར་གྲངས་བཟུང་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས་1མཐོ་རུ་ཕྱིན་པ་དང་། རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་དང་དེའི་ཡན་གྱི་གྲོང་ཁྱེར་337གྱི་PM2.5ཡི་གར་ཚད་དུས་མཚུངས་ལས་8.3%ཆག་པ། ཆུ་སྤུས་ལེགས་ཚད(རིགས་I-IIIབར)བཅད་ཁའི་བསྡུར་གྲངས་བརྒྱ་ཆའི་གྲངས་8.5མཐོ་རུ་ཕྱིན་ཡོད།

        —GDPསྒོར་དུང་ཕྱུར་ཁྲི་100ལས་བརྒལ་བ་དེ་ཐོག་ནས་རང་རྐྱ་འཕེལ་བ་དང་ཀུན་ལ་ཕན་ཐོགས་ནས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་དྲང་ནུས་དེ་བས་མང་བ་བསྣན་ཡོད།

        2020ལོའི་ཟླ་11ཚེས་15ཉིན། ལོ་བརྒྱད་གྲོས་མོལ་བྱས་པ་བརྒྱུད《ས་ཁོངས་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་མཐུན》(RECP)དངོས་སུ་བཞག་པ་རེད།

        གྲོས་མཐུན་ཁྱབ་པའི་ཁོངས་མིའི་རྒྱལ་ཁབ་15དེ་དག་གི་མི་འབོར་གྱི་གཞི་ཁྱོན་དང་། དཔལ་འབྱོར་གྱི་སྤྱི་འབོར། ཚོང་དོན་ཐོབ་སྐལ་བཅས་ཚང་མ་གོ་ལ་ཧྲིལ་པོའི་30%ཙམ་ཟིན་པ་དེའི་ཐོག་ནས་གོ་ལ་ཧྲིལ་པོའི་རང་མོས་ཚོང་དོན་ཁུལ་ཆེ་ཤོས་དངོས་སུ་སྤྱོད་འགོ་ཚུགས་པ་མཚོན་ཡོད།