དར་མདོའི“ལྷོའི་དར་གོས་འགྲུལ་ལམ”གྱི་གཏམ་རྒྱུད།

དཀར་མཛེས་ཁུལ་རྟེན་རྫས་བཤམས་མཛོད་ཁང་གི་ནོར་བུ་རྩ་ཆེ་ཤོས་དེ་ནི་སྟག་ལྤགས་དང་གཟིག་ལྤགས། སྲམ་ལྤགས་སོགས་ཀྱིས་བཟོས་པ་ཞིག་རེད། དེ་ལ་ལོ་ངོ་བཞི་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་འཛམ་གླིང་ཐོག་སྟག་ལྤགས་ཀྱི་གུར་གཅིག་པུ་དེ་རེད། གུར་གྱི་སྟེང་འོག་ཏུ་བཟོ་ལྟ་མི་འདྲ་བའི་འགྲོན་བུ་དཀར་པོ་15800ལྷག་གི་ཕྲ་རྒྱན་བཏབ་ཡོད། ཚན་རིག་རྟོག་ཞིབ་པ་ཚོས་ཐག་རིང་ནས་ཡོང་བའི་“ཡུལ་གཞན་གྱི་དངོས་རྫས”ཏེ་འགྲོན་བུ་དག་ལ་ལྟ་ཞིབ་དང་པར་བླངས་པ་དང་། དེ་སྔའི“ལྷོ་དར་གོས་འགྲུལ་ལམ”ཐོག་གི་ཚོང་དོན་འགྲོ་འོང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་གཏམ་རྒྱུད་ལ་གྲོས་བསྡུར་བྱས་པ་ནས། ད་ཆ་མཐོང་རྒྱུ་ཡོད་པའི་དངོས་པོ་དང་འདྲ་བའི་འཁོར་རྒྱུག་གམ་ཡང་ན་ཉོ་ཚོང་ལ་བརྟེན་ནས་མངོན་འགྱུར་བྱུང་བ་ཞིག་རེད།
དར་གོས་དང་དར་གོས་འགྲུལ་ལམ་གྱི་རིག་གནས་དང་འབྲེལ་བ་དམ་ཟབ་ཡོད། དཀར་མཛེས་ཁུལ་མངོན་མིན་རིག་གནས་ཤུལ་བཞག་ཁང་གི་དར་གོས་ཐང་ག་དང་། དཔོན་གོས། དར་ལྕོག་དང་། དར་གོས་གྱོན་ཆས་ཀྱི་ལྷག་ལུས་ཀྱི་དར་གོས་རིས་མ། དེ་བཞིན་ལྷ་སྒང་དགོན་པས་ཉར་ཚགས་བྱས་པའི་དར་གོས་ཐང་ག་བཅས་ཚང་མ་ནི་ད་ཡོད་ཀྱི་དར་གོས་དངོས་པོ་ཤ་སྟག་རེད། བོད་ཀྱི་རིག་གནས་མཁས་པ་དབང་འདུས་ཀྱིས་ལྷ་སྒང་དགོན་པའི་དར་གོས་ཐང་ག་ཁ་ཤས་ལ་དབྱེ་ཞིབ་ཞིབ་མོ་བྱས་པ་དང་། ཚང་མ་དུས་རབས་བཅུ་དགུ་པའི་ཡིན་པར་ངོས་འཛིན་བྱས། “མིང་རྒྱལ་རབས་གོང་དར་གོས་ཐང་ག་མང་པོ་མཐོང་རྒྱུ་མེད་ཅིང་། མང་ཤོས་ནི་ཆིང་རྒྱལ་རབས་ཀྱི་དར་གོས་རེད། ”ཁོང་གིས་དར་གོས་ཐང་ག་ཕུད། ད་དུང་དེང་རབས་ས་འོག་ནས་ཐོན་པའི་དངུལ་ཆས་ཁ་ཤས་ནི་དབུས་རྒྱུད་དང་འདྲ་པོ་ཡོད་ཟེར། བོད་ལྗོངས་ཀྱི་དར་གོས་དང་རྫ་ཆས་སྔོན་མར་མང་ཆེ་བ་སི་ཁྲོན་ནས་དབོར་ཡོང་བ་དང་། སྐབས་དེ་དུས་དར་གོས་ལ་གྱོང་གུན་ཐེབས་པར་སྔོན་འགོག་བྱ་ཆེད་བཙན་པོའི་དམག་དཔོན་ཆེན་པོས་ཆེད་དུ་དོ་དམ་བྱས་པ་རེད།
http://tibet.people.com.cn/15822946.html