ལི་ཁེ་ཆང་གིས་ཁྲུང་ཆིང་དུ་རྟོག་ཞིབ་གནང་བ།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
སྤེལ་དུས།: ༢༠༢༠ ལོའི་ཟླ་ ༨ ཚེས་ ༢༤
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཁྲུང་ཆིང་དུ་རྟོག་ཞིབ་གནང་ཡོད། ཉེ་ཆར་འབྲི་ཆུ་དང་ཅ་ལིན་གཙང་པོའི་ཁྲུང་ཆིང་དུམ་བུར་ལོ་རྒྱུས་ཐོག་མཐོང་དཀོན་པའི་ཐོས་བྱུང་ཆུ་ལོག་གནོད་འཚེ་ཐོན་ཡོད། ལི་ཁེ་ཆང་ཁྲུང་ཆིང་དུ་ཕེབས་འབྱོར་ཟིན་མ་ཐག་གནོད་འཚེ་ཁུལ་དུ་ཕེབས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲུབ་འགོག་གེགས་སེལ་དང་གེགས་རྗེས་བསྐྱར་སྐྲུན་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས། ཉེན་སེལ་རོགས་སྐྱོབ་དང་ཐོན་སྐྱེད་སླར་གསོ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་ཞེས་ནན་གསུངས་གནང་ཡོད། ཁོང་ཧྲོང་པ་གྲོང་ཚོར་ཆུ་ལོག་གིས་བསྣུབས་པའི་གྲོང་མིའི་ཁྱིམ་དུ་ཕེབས་ནས་གནོད་སྐྱོན་ཕོག་པའི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དུ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་བ། ཆུས་ཁྱེར་བའི་ཞིང་ར་དང་དྲོད་ཁང་ཆེ་མོར་ཐོན་སྐྱེད་སླར་གསོ་བྱེད་པར་དཀའ་ངལ་གང་དག་ཡོད་མེད་བཀའ་འདྲི་གནང་བ་དང་། ས་གནས་ཀྱི་འགན་འཁུར་བློ་མཐུན་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་མངགས་བཅོལ་གནང་ཡོད། ཁོང་གིས། ཚང་མས་མཉམ་དུ་འབད་བརྩོན་བྱས་ཚེ་དཀའ་གནད་ལས་སྒྲོལ་ཐུབ་པ་དང་། ཏང་དང་སྲིད་གཞུང་གིས་ཁྱེད་ཚོར་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་རོགས་བྱེད་ངེས་ཡིན་ཞེས་གསུངས་ཡོད། ཁོང་གིས་ད་དུང་གྲོང་ཁྱེར་གྱི་ཆུ་མཛོད་གཙོ་བོ་དང་ཆུས་བསྣུབས་པའི་གྲོང་ཁུལ་དུ་རྟོག་ཞིབ་གནང་ནས། སྲིད་ཇུས་ལ་ཞིབ་འཇུག་བྱེད་པ་མ་ཟད། ཐད་ཀར་གནོད་འཚེ་ཕོག་ཁུལ་དུ་འབྱོར་བའི་སྒྲིག་གཞི་བཙུགས་ནས། ས་གནས་ཀྱིས་ཆུས་གཏོར་སྐྱོན་བཏང་བའི་ལས་གཞི་ཉམས་གསོ་དང་། ཆུ་ལོག་སྔོན་འགོག་དང་འཁྱིལ་ཆུ་འབུད་བཤངས་སོགས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
ལི་ཁེ་ཆང་ཚེ་ཆི་ཁོའུ་ཚོང་ལས་ཁུལ་གྱི་ཚོང་དུད་མང་པོར་ཕེབས་ནས། རིམས་ནད་ཀྱི་གནས་ཚུལ་དང་། ཆུ་ལོག་གནོད་འཚེའི་གྱོང་གུན། འཛད་སྤྱོད། ཡུལ་སྐོར་སླར་གསོ་བཅས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་ཡོད། ཁོང་གིས། ཞབས་ཞུའི་ལས་རིགས་ཕྱོགས་ཡོངས་ནས་སླར་གསོ་གང་མགྱོགས་བྱས་ཏེ་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་ནི། དཔལ་འབྱོར་སླར་གསོའི་རང་བཞིན་གྱི་འཕར་སྣོན་བརྟན་དུ་གཏོང་བར་གལ་འགངས་ཤིན་ཏུ་ཆེ་བས། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལེགས་པོ་བྱེད་པའི་འོག སྲིད་ཇུས་ཀྱི་ཟུར་སྐྱོར་ནུས་པ་འདོན་སྤེལ་བྱེད་པ་དང་། ཁེ་ལས་དཀའ་གནད་ལས་སྒྲོལ་རོགས་བྱེད་པ། ཡུལ་སྐོར་སོགས་ཞབས་ཞུའི་ལས་རིགས་རྒྱུན་ལྡན་ལྟར་གཉེར་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་བ། འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བཅས་བྱ་དགོས་ཞེས་གསུངས་ཡོད་པ་རེད།
ལི་ཁེ་ཆང་ཀྲུའུ་པ་ཅེ་དྲ་བའི་ཀུང་སིར་ཕེབས་ནས། ཁོང་ཚོས་གཉིས་གཏོད་ལས་སྟེགས་བཏོད་ནས་ཆེད་ལས་མི་སྣ་གཅིག་སྡུད་བྱས་ཏེ་ཁེ་ལས་ལ་ཞབས་ཞུ་སྒྲུབ་པ་དང་ལས་ཞུགས་འབོར་ཆེན་སྐུལ་ཁྲིད་བྱས་པར་གདེང་འཇོག་གང་ལེགས་གནང་ཡོད། ཁོང་གིས། གཉིས་གཏོད་ལ་སྐུལ་འདེད་གཏོང་བ་ནི་སྟོབས་ཤུགས་དང་བློ་གྲོས་གཅིག་སྡུད་བྱས་ཏེ་ཀུན་གྱིས་བྱ་གཞག་གསར་གཏོད་བྱ་རྒྱུ་དེ་རེད་ཅེས་གསུངས་ཡོད། ཁྲང་ཨན་རླངས་འཁོར་ཀུང་སིར། ཁེ་ལས་ཀྱི་འགན་འཁུར་མི་སྣས་རིམས་ནད་སོགས་ཀྱི་ཤུགས་རྐྱེན་ངན་པ་ཁྱད་བསད་བྱས་པས། རླངས་འཁོར་ཐོན་སྐྱེད་དང་ཕྱིར་འཚོང་གཉིས་ཀ་ལྡོག་འཕར་བྱུང་བའི་གནས་ཚུལ་ངོ་སྤྲོད་གསན་རྗེས། ལི་ཁེ་ཆང་གིས་ཁོང་ཚོས་འཛད་སྤྱོད་ལ་སྐུལ་ཁྲིད་བྱེད་པའི་ཐོན་རྫས་སྔར་བས་མང་བ་གསར་སྤེལ་བྱེད་དགོས་པའི་སྐུལ་ལྕག་གནང་ཡོད། ཁོང་གིས་ད་དུང་ཁྲུང་ཆིང་ཅིང་ཏུང་ཧྥང་ཀུང་སིར་གསར་གཏོད་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བར་ཕེབས་པ་དང་། ནུབ་རྒྱུད་ས་ཁུལ་གྱིས་བར་ཁམས་ཆེ་བའི་བཟང་ཆ་འདོན་སྤེལ་བྱས་ཏེ་ཐོན་ལས་སྤོ་སྒྱུར་དང་ལེན་ཧུར་ཐག་བྱེད་པ་དང་། ཐོན་ལས་འབྲེལ་ཐག་རིམ་པ་མཐོ་འབྲིང་ཕྱོགས་སུ་འཕར་བ་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད།
ཁེ་ལས་ལ་རྟོག་ཞིབ་གནང་སྐབས། ལི་ཁེ་ཆང་གིས། ཉེ་བའི་ཟླ་ཤས་རིང་གི་སྤྱི་ཁོག་དཔལ་འབྱོར་གྱི་འཁོར་རྒྱུག་ནས་བལྟས་ཚེ། བརྟན་པོ་དྲུག་གི་ལས་དོན་ཡག་པོ་སྒྲུབ་པ་དང་འགན་ལེན་དྲུག་གི་ལས་འགན་སྲིད་ཇུས་དོན་འཁྱོལ་བྱས་པར་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད། ད་ལོ་ཁྲོམ་རའི་བྱེད་པོ་དུང་ཕྱུར་ལྷག་འགན་སྲུང་དང་། གསར་དུ་འཕར་སྣོན་བྱུང་བའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ས་ཡ་དགུ་ཡན་གྱི་ལས་འགན་ལེགས་གྲུབ་བྱུང་ཚེ། ལོ་ཧྲིལ་པོའི་དཔལ་འབྱོར་འཕར་སྣོན་ཡོང་ཐུབ་པས། མུ་མཐུད་འབད་བརྩོན་བྱེད་པ་དང་དུས་མཚུངས་སུ། འཕེལ་རྒྱས་ཁྲོད་ཀྱི་གཏན་འཁེལ་མེད་པའི་རྒྱུ་རྐྱེན་ལ་ཁ་གཏད་གཅོག་དགོས་ཞེས་གསུངས་ཡོད་པ་རེད།
སྲིད་དོན་ཚོམས་ཆེན་དུ། ཁྲུང་ཆིང་གིས་གློད་སྡོམ་ཞབས་གསུམ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་གནས་ཚུལ་སྙན་སེང་ཞུས་ཡོད། ལས་དོན་སྒྲུབ་བཞིན་པའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་མི་སྣས་ཙུང་ལི་ལི་ཁེ་ཆང་ལ་ད་ལོ་ཁྲལ་ཁྲི་གྲོན་གཅོག་བྱེད་ཚད་སྔོན་དཔག་ལས་བརྒལ་བས། ཁེ་ལས་ལ་འཚོ་གནས་་ཀྱི་གོ་སྐབས་རག་ཡོད་ཅེས་དང་། ལི་ཁེ་ཆང་གིས། ཁྲལ་ཁྲི་གྲོན་གཅོག་བྱེད་དགོས་པ་མ་ཟད། ད་དུང་ཁྲོམ་རའི་ནང་ཞུགས་པའི་ཚད་གཞི་སྔར་བས་དམའ་རུ་བཏང་ནས། ཁྲོམ་རའི་བྱེད་པོའི་གསོན་ཤུགས་དེ་བས་འཕེལ་བ་བྱ་དགོས། ཁྲུང་ཆིང་གིས་དྲ་ཐོག་གི་སྲིད་དོན་ཞབས་ཞུ་ཁྲུང་ཆིང་གིས་དགའ་སྤྲོའི་ངང་ནས་ཞབས་ཞུ་སྒྲུབ་ཅེས་པ་བཏོན་ཞིང་། ང་ཚོས་གློད་སྡོམ་ཞབས་གསུམ་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་ནི་མང་ཚོགས་ཀྱིས་ལས་དོན་སྒྲུབ་སྐབས་སྤྲོ་སྣང་དང་ཐོབ་ཚོར་ཡོང་བ་བྱེད་དགོས་ཞེས་གསུངས་ཡོད།
ལི་ཁེ་ཆང་གིས། ཉེ་བའི་ལོ་ཤས་རིང་། ཁྲུང་ཆིང་གི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་གྲུབ་འབྲས་དང་རིམས་འགོག་དང་འབྲུབ་འགོག་ལས་དོན་ལ་གདེང་འཇོག་གང་ལེགས་གནང་ཞིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་ཇུས་བཀོད་སྒྲིག་གཞིར་བཟུང་། གསར་འབྱེད་ཡར་བརྩོན་གྱིས་ནུབ་རྒྱུད་སྒྱུར་བཅོས་སྒོ་དབྱེའི་གསར་གཏོད་ཀྱི་མདུན་གྲལ་དུ་བསྐྱོད་དེ་ཁྲུང་ཆིང་གི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་རྒྱུའི་ཐུགས་རེ་གནང་ཡོད་པ་རེད། ཤའོ་ཅེ་ཡིས་ཕེབས་རོགས་ཞུས་ཡོད་པ་རེད།