མཛོད་དགེ་རུ་སྤྱང་ཀི་སྲུང་སྐྱོང་ས་ཚུགས་ཐོག་མ་བཙུགས་པ།
ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༢༠ ལོའི་ཟླ་ ༨ ཚེས་ ༣

ཤེས་རྟོགས་བྱུང་བར་གཞིགས་ན། སྤྱང་ཀི་ནི་སྐྱེ་ཁམས་དང་ཚན་རིག སྤྱི་ཚོགས་བཅས་ཀྱི་རིན་ཐང་ལྡན་པའི་སྐམ་སའི་རི་སྐྱེས་སྲོག་ཆགས་གཙོ་བོ་ཡིན་པ་དང་། དེ་ནི་《སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཀྱི་རིགས་རྒྱུད་རྒྱལ་སྤྱིའི་ཉོ་ཚོང་སྤྱི་ཆིངས་》ཀྱི་ཞར་བྱུང་དཀར་ཆག་IIནང་བཀོད་ཡོད། རང་རྒྱལ་དུ་སྲུང་སྐྱོང་ལག་བསྟར་ནན་མོ་བྱེད་བཞིན་ཡོད་པ་སྟེ། རྔོན་པ་དང་གསོད་པ་སོགས་བཀག་བཞིན་ཡོད། སྤྱང་ཀི་ནི་སྐྱེ་ཁམས་སྦྲེལ་ཐག་ཁྲོད་དུ་གནད་འགག་ཆེ་བའི་རིགས་དང་གལ་ཆེ་བའི་ལྷུ་ཚིགས་ཞིག་རེད། སྐྱེ་ཁམས་ཁོར་ཡུག་དོ་སྙོམས་རྒྱུུན་བསྲིངས་ལ་རིན་ཐང་གལ་ཆེན་ལྡན་ཡོད། སི་ཁྲོན་གྱི་སྤྱང་ཀི་ནི་གཙོ་བོ་ཁྲོན་ནུབ་བྱང་གི་ནགས་ཚལ་དང་རྩྭ་ཐང་དུ་ཡོད་པ་དང་། རྔ་བ་ཁུལ་དང་དཀར་མཛེས་ཁུལ་གཙོ་བོ་ཡིན་ཞིང་། དེའི་ཁྲོད་དུ་མཛོད་དགེ་ནི་འདུས་སྡོད་བྱེད་ས་གཙོ་བོ་ཞིག་རེད། ད་ལྟར་དེ་རིགས་ཀྱི་ཁ་གྲངས་200ཙམ་ཡོད། མཛོད་དགེའི་སྤྱང་ཀི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ས་ཚུགས་བཙུགས་པ་ནི་སི་ཁྲོན་གྱིས་སྤྱང་ཀི་སྲུང་སྐྱོང་ལམ་སྲོལ་གསར་གཏོད་མངོན་འགྱུར་བྱས་པ་ཞིག་དང་། ཞིང་ཆེན་དང་ཁུལ། རྫོང་རིམ་པ་གསུམ་ནས་སྲུང་སྐྱོང་ཆེན་པོ་དམ་དུ་བྱས་ནས། མཛོད་དགེའི་སྤྱང་ཀི་སོགས་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་མ་ལག་སྲུང་སྐྱོང་ལ་ཡར་སྐུལ་གྱི་ནུས་པ་འདོན་ཐུབ་ངེས་ཡིན།
ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་སི་ཡིས་མཛོད་དགེའི་སྤྱང་ཀི་སྲུང་སྐྱོང་ལྟ་ཞིབ་ས་ཚུགས་བཙུགས་པ་ལ་རྟེན་འབྲེལ་ཞུ་འཕྲིན་བསྐུར་ཡོད་པ་དང་། སི་ཁྲོན་གྱིས་ཐོན་ཁུངས་ལེགས་སྒྲིག་བྱས་པར་བརྒྱུད། གོམ་གང་མདུན་སྤོས་ངང་སྤྱང་ཀའི་སྐྱེ་ཁམས་སྲུང་སྐྱོང་དང་ཚན་ཞིབ་ལྟ་ཞིབ་ཤུགས་ཆེན་བཏང་ནས། ཁྲོན་ནུབ་མཐོ་སྒང་གི་སྐྱེ་ཁམས་རིག་གནས་འཛུགས་སྐྲུན་དེ་སྐས་རིམ་གསར་པ་ཞིག་ཏུ་སྤོ་ཐུབ་པར་སྐུལ་འདེད་དགོས་པའི་བླང་བྱ་བཏོན་ཡོད།