སི་ཁྲོན་ནུབ་རྒྱུད་ཀྱི་མཛེས་པའི་གནའ་གྲོང་ཆུ་མཆིག
ཡོང་ཁུངས། རྔ་བ་བོད་ཡིག་གསར་འགྱུར།
སྤེལ་དུས།: ༢༠༢༠ ལོའི་ཟླ་ ༧ ཚེས་ ༡༧

ཆུ་མཆིག་གྲོང་རྡལ་ནི་སི་ཁྲོན་ཞིང་ཆེན་ཝུན་ཁྲོན་རྫོང་གི་ལྷོ་རྒྱུད་ཀྱི་རྨིན་ཅང་གཙང་པོའི་ཡན་ལག་ཧྲོའུ་ཞིས་གཙང་པོའི་ངོགས་སུ་གནས་ཡོད། ཧྲང་རྒྱལ་རབས་ཀྱི་སྐབས་སུ་“ཚེ་ཐག་རིང་སའི་ཡུལ་”ཞེས་པའི་མཚན་སྙན་ཡོད། སྐབས་དེར་བགྲེས་སོང་གྲོང་ཚོ་ཞེས་ཀྱང་འབོད། ད་ལྟའི་དུས་ལ་ཆུ་མཆིག་ཅེས་འབོད། ཡུལ་འདི་ནི་རྒྱ་རིགས་དང་གྲངས་ཉུང་མི་རིགས་ཀྱི་མཉམ་འདྲེས་ཁུལ་ཡིན། ཝུན་ཁྲོན་ས་འགུལ་གྱི་གནོད་འཚེ་བྱུང་རྗེས་གྲོང་རྡལ་ཡོངས་བསྐྱར་བསྐྲུན་བྱས་ཏེ་ནང་སའི་ཡུལ་སྲོལ་གོམས་གཤིས་དང་བོད་རིགས་དང་ཆའང་རིགས་ཀྱི་ཁྱད་ཆོས་ལྡན་པའི་འཛུགས་སྐྲུན་བྱས་ཡོད།
