རྩིས་ཐོའི་ནང་གི་དོན་དངོས་གྲངས་གཞི་ལས། འབྲོག་པའི་དབུལ་སྒྲོལ་ལམ་བུ་གསལ་ལེར་མངོན།

ལོ་67ལ་སླེབས་པའི་འབྲོག་པ་བློ་བརྟན་གྱི་ཁྱིམ་ནི་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལི་ཐང་རྫོང་དཔོན་སྐོར་ཤང་ཁ་ཤུས་གྲོང་ཚོ་ནས་ཡིན་ཞིང་། དེ་སྔ་ཁ་ཤུས་གྲོང་ཚོར་སྐད་གྲགས་ཆོད་པའི་དུད་ཚང་དབུལ་པོ་ཞིག་རེད། བཟའ་ཟླའི་ནད་གཞི་བཅོས་ཆེད། ཁོང་གིས་ཁྱིམ་ཚང་གི་འབྲི་གཡག་50ལྷག་ཙམ་བཙོངས་པས་དབུལ་པོ་དབུལ་རྐྱང་དུ་གྱུར་པ་རེད།
བློ་བརྟན་གྱིས་གསར་འགོད་པར་དུད་ཚང་དབུལ་པོར་ངོས་འཛིན་གཏན་འཁེལ་བྱས་རྗེས། གྲོང་ཚོའི་ལས་བྱེད་པ་ཚོས་རྟག་ཏུ་ཐུགས་ཁུར་བྱེད་པ་དང་། ཡིད་ཐང་ཆད་མི་རུང་བའི་སྐུལ་ལྕག་བྱེད་ཀྱི་འདུག་ཅེས་བཤད། “དམངས་ཕན་མ་དངུལ་གསེད་བཀྲོལ་བྱེད་རོགས”དང་། “‘གཙང་འཁྲུ་དྲུག་དང་། གད་ཕྱིས་གཅིག བསྡུ་གསོག་གཅིག’”“རི་ལ་ཤ་མོའི་རིགས་འཐུ་བར་བསྐྱོད་རྒྱུའི་ལྕག་སྐུལ་བྱེད་པ”“‘སྒྱུར་བཅོས་དྲུག་དང་འཛུགས་སྐྲུན་གསུམ’གྱི་བོད་རིགས་ས་ཁུལ་གྱི་སྡོད་ཁང་གསར་པ་ལག་བསྟར་བྱེད་པ”སོགས་ཀྱི་རྩིས་ཐོའི་ཐོག་བློ་བརྟན་ཁྱིམ་གྱི་དབུལ་སྒྲོལ་གྱི་ལོ་རྒྱུས་ཞིབ་ཕྲ་བཀོད་འདུག
བློ་བརྟན་ཁྱིམ་གྱིས་ད་ཆ་འབྲི་གཡག་མགོ་གྲངས་40ལྷག་ཙམ་གསོས་ཡོད་པ་དང་རྩྭ་ར་མུའུ་1900བགོ་བཤའ་རག་ཡོད། མི་8ཡོད་པའི་ཁྱིམ་ཚང་དེར་ལོར་ཡོང་འབབ་སྒོར་ཁྲི་5.8ཙམ་ཡོང་གི་ཡོད་པ་དང་། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་7000ཙམ་ཟིན་ནས་དབུལ་སྒྲོལ་ཐུབ་ཡོད་པ་རེད། བློ་བརྟན་ཁྱིམ་གྱི་རྩིས་ཐོ་ལས་ཁོང་ཚོའི་ཁྱིམ་གྱི་མི་རེའི་ཆ་སྙོམས་ཡོང་འབབ་ལོ་ལྟར་འཕར་གྱི་ཡོད་པ་གསལ་པོ་ཤེས་ཐུབ། 2015ལོར་བློ་བརྟན་ཁྱིམ་གྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་3017ཡིན་པ་དང་། 2019ལོར་སྒོར་7122.5ཟིན་ནས་ལྡབ་གཅིག་ལྷག་ཙམ་འཕར་ཡོད་པ་རེད།
བློ་བརྟན་ཁྱིམ་གྱི་འགྱུར་ལྡོག་ནི་ས་གནས་དེ་གའི་དབུལ་སྒྲོལ་འགག་སྒྲོལ་གྱི་མཚོན་བྱེད་ཙམ་ཞིག་རེད། ས་གནས་དེ་གའི་དུད་ཚང་དབུལ་པོའི་ཁྱིམ་དུ་རྩིས་ཐོ་དེ་ལྟ་བུ་རེ་ཡོད་པ་རེད། “ལྟོ་གོས་ཐད་སེམས་ཁྲལ་ཡོད་མེད”དང་། “སྨན་བཅོས་འགན་ལེན་ཡོད་མེད” “སྡོད་ཁང་བདེ་འཇགས་ཡོད་མེད” “དབུལ་བའི་རྐྱེན་གྱིས་སློབ་མཚམས་ཆད་པའི་སློབ་མ་ཡོད་མེད”སོགས་ཀྱི་རྩིས་ཐོའི་ནང་དབུལ་སྐྱོར་ལས་བྱེད་པ་ཚོས་བློས་གཏོང་བྱས་པའི་སེམས་ནུས་བཀོད་ཡོད་ལ། མང་ཚོགས་ཀྱི་འཚོ་བའི་འགྱུར་ལྡོག་རེ་རེ་བྱས་ཏེ་མཚོན་པར་བྱས་ཡོད།
འབྲི་གཡག་40གསར་དུ་ཉོས་རྗེས་ཚ་བོ་བློ་བཟང་ཉི་མ་དང་ཚ་མོ་འཇམ་དབྱངས་ལྷག་སྒྲོན་ཧ་ཅང་དགའ་པོ་བྱུང་ནས་ཉིན་ལྟར་འབྲོག་རར་འབྲི་གཡག་དང་མཉམ་དུ་རྩེད་མོ་རྩེ་གི་འདུག དེ་ཙམ་མ་ཟད། ད་དུང་སྦག་སྦག་གསར་པའང་ཉོས་ཡོད་ཅེས་བློ་བརྟན་གྱིས་བཤད།
དུང་ལོ་ཚེ་རིང་གིས་ད་ཆ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གཞི་ཁྱོན་ངེས་ཅན་ཆགས་ཡོད་པས་འབྱུང་འགྱུར་ལག་རྩལ་མཛུབ་ཁྲིད་པ་གདན་དྲངས་ནས་འབྲོག་རའི་དཔལ་འབྱོར་དང་ཆུ་ཚན་རི་གྲོང་སྔར་བས་ཇུས་འགོད་བྱས་ཏེ། རིག་གནས་ཡུལ་སྐོར་དང་སྣོད་བཅུད་ཞིང་འབྲོག་ལས་ལ་བརྟེན་ཏེ་དེ་སྔོན་དབུལ་པོར་ཡུན་རིང་ལུས་པའི་ཁ་ཤུས་གྲོང་ཚོའི་རྣམ་པར་འགྱུར་ལྡོག་མཐར་ཕྱིན་པ་གཏོང་རྒྱུ་ཡིན་ཞེས་བཤད།