མདང་དགོང་རོང་བྲག་རྫོང་དུ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་བྱུང་འདུག
ཡོང་ཁུངས། ཁམས་པའི་དྲ་བ།
སྤེལ་དུས།: ༢༠༢༠ ལོའི་ཟླ་ ༦ ཚེས་ ༡༧

ཚེས17ཉིན་གྱི་ཞོགས་པའི་ཆུ་ཚོད6:00བར་འཁྱིལ་མཚོའི་སྨད་རྒྱུད་ཀྱི་ཤང་དང་གྲོང་རྡལ6གི་གྲོང་ཚོ17དང་། སློབ་གྲྭ4འཕྲོད་བསྟེན་ཁང3དགོན་སྡེ2བཅས་ལ་ཉེན་ཁ་བཟོ་ཉེ་ཡོད་པས། མིག་སྔར་ཁྱོན་མི5800ལྷག་ཁ་བཀྲམ་ཡོད།
འདམ་རྡོའི་ཆུ་རུད་ཀྱི་གནོད་སྐྱོན་བྱུང་རྗེས། རོང་བྲག་རྫོང་གིས་བབ་བསྟུན་འཕྲལ་སྐྱོབ་ཀྱི་ལས་ཀ་སྤེལ་ཏེ།“6·17”འབྲུབ་འགོག་ཉེན་སེལ་བཀོད་འདོམས་པུའུ་བཙུགས་ནས་བབ་བསྟུན་ཉེན་སེལ་དང་། འགྲིམ་འགྲུལ་ཤར་བགྲོད། སྨན་བཅོས་རོགས་སྐྱོབ་སོགས་བྱེད་པར་མི200ལྷག་ཙམ་གྱིས་སྟོབས་ཤུགས་གཅིག་སྒྲིལ་ངང་ལས་ཀ་ཁག་སྒྲིག་འཛུགས་ནན་པོ་བྱེད་བཞིན་ཡོད་པ་རེད།