པེ་ཅིང་དུ་ཏོག་གསར་གློ་ཚད་ཀྱི་ནད་པ36གསར་དུ་ཐོན་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
སྤེལ་དུས།: ༢༠༢༠ ལོའི་ཟླ་ ༦ ཚེས་ ༡༦

        ཟླ6ཚེས13ཉིན་གྱི་ཆུ་ཚོད0ནས24བར། པེ་ཅིང་དུ་རང་ས་ནས་ཐོན་ཞིང་ནད་གཞི་གཏན་འཁེལ་བྱས་པའི་ནད་པ36དང་ནད་རྟགས་མེད་པའི་ནད་པ1བཅས་མང་དུ་ཕྱིན་ཡོད་ལ། དོགས་ཡོད་ནད་པ་གསར་དུ་ཐོན་མེད་པ་རེད།

       ཟླ6ཚེས13ཉིན་གྱི་ཆུ་ཚོད24བར། རིམ་རྩིས་བྱས་ན་རང་ས་ནས་ཐོན་ཞིང་ནད་གཞི་གཏན་འཁེལ་བྱས་པའི་ནད་པ463ཡོད་པ་དང་། རིམ་རྩིས་བྱས་ན་སྨན་ཁང་ནས་ཕྱིར་བུད་པའི་ནད་པ411དང་། སྨན་ཁང་དུ་ནད་བཅོས་བྱེད་བཞིན་པའི་ནད་པ43དང་། རྐྱེན་ལམ་དུ་ཤོར་བའི་ནད་པ་ཁྱོན་སྡོམ9བཅས་ཡོད་ལ། ད་དུང་ལྟ་ཞིབ་བྱེད་བཞིན་པའི་ནད་རྟགས་མེད་པའི་ནད་པ1བཅས་ཚུད་ཡོད་པ་རེད།

       ཟླ6ཚེས13ཉིན་གྱི་ཆུ་ཚོད0ནས24བར། པེ་ཅིང་དུ་ཕྱི་རྒྱལ་ནས་ཐོན་པའི་ཏོག་གསར་གློ་ཚད་ཀྱི་ནད་པ་དང་དོགས་ཡོད་ནད་པ། དེ་བཞིན་ནད་རྟགས་མེད་པའི་ནད་པ་བཅས་གསར་དུ་ཐོན་མེད། ཟླ6ཚེས13ཉིན་གྱི་ཆུ་ཚོད24བར། རིམ་རྩིས་བྱས་ན་ཕྱི་རྒྱལ་ནས་ཐོན་པའི་ནད་རྟགས་གཏན་འཁེལ་བྱས་པའི་ནད་པ174ཡོད་པ་དང་། རིམ་རྩིས་བྱས་ན་སྨན་ཁང་ནས་ཕྱིར་བུད་པའི་ནད་པ173དང་། སྨན་ཁང་དུ་སྨན་བཅོས་བྱེད་བཞིན་པའི་ནད་པ1བཅས་ཡོད་པ་རེད།