ཨུ་རུ་སུར་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་གཏན་འཁེལ་བྱུང་བའི་ནད་དཔེ་ཁྲི་6ལས་བརྒལ་བ།

ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༢༠ ལོའི་ཟླ་ ༤ ཚེས་ ༢༦
    ཟླ་4ཚེས་23ཉིན། ཨུ་རུ་སུའི་རིམས་འགོག་བཀོད་འདོམས་པུའུ་ཡིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། འདས་པའི་ཆུ་ཚོད་24ཡི་ནང་། ཨུ་རུ་སུར་ཏོག་གསར་གློ་ཚད་གཏན་འཁེལ་བྱུང་བའི་ནད་དཔེ་4774ཐོན་ནས་རིམ་རྩིས་བྱས་ན་གཏན་འཁེལ་བྱུང་བའི་ནད་དཔེ་62773ཟིན་ཡོད།  དེའི་ཁྲོད། མོ་སི་ཁོར་ནད་དཔེ་1959གསར་འཕར་བྱུང་བས་རིམ་རྩིས་བྱས་ན་གཏན་འཁེལ་བྱུང་བའི་ནད་དཔེ་33940ཟིན་ཡོད། ཨུ་རུ་སུ་ཡོངས་སུ་ཚེ་འདས་ནད་དཔེ་42གསར་འཕར་བྱུང་བ་དང་། རིམ་རྩིས་བྱས་ན་ཚེ་འདས་ནད་དཔེ་555ཟིན་ཡོད། དྲག་སྐྱེད་བྱུང་བའི་ནད་དཔེ་471གསར་འཕར་བྱུང་བ་དང་། རིམ་རྩིས་བྱས་ན་དྲག་སྐྱེད་བྱུང་བའི་ནད་དཔེ་4891ཟིན་ཡོད།