དཀར་མཛེས་རྫོང་གི་སྡེ་བ་129དབུལ་ཕོངས་ལས་ཐར་བ།
ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༢༠ ལོའི་ཟླ་ ༤ ཚེས་ ༢༡

ངོས་འཛིན་གནད་ལ་འཁེལ་བ་དང་། བྱེད་ཐབས་གནད་ལ་འཁེལ་བ། རོགས་སྐྱོར་གནད་ལ་འཁེལ་བ་སོགས་ལག་བསྟར་བྱས་པ་བརྒྱུད། ཉེ་བའི་ལོ་ཤས་རིང་། དཀར་མཛེས་རྫོང་གིས“སུ་ལ་རོགས་སྐྱོར་བྱེད་པ་དང་། སུས་རོགས་སྐྱོར་བྱེད་པ། ཇི་ལྟར་རོགས་སྐྱོར་བྱེད་པ”བཅས་ཀྱི་གནད་དོན་3ལ་དམིགས་ནས་རྨང་གཞིའི་སྒྲིག་བཀོད་ཇེ་ལེགས་སུ་བཏང་བ་དང་། ཡུལ་གཞན་དུ་གནས་སྤོས་ནས་དབུལ་སྐྱོར་བྱེད་པ། ཐོན་ལས་འཕེལ་རྒྱས་ཀྱིས་ཡོང་སྒོ་འཕར་བར་བྱེད་པ་བཅས་གཙོ་གནད་3ལ་དམིགས་ཏེ། དོན་དངོས་དང་ཟུང་འབྲེལ་གྱིས་སྔ་རྗེས་སུ་འབྲེལ་ཡོད་བྱེད་ཐབས་བཏོན་པས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ། དཀར་མཛེས་རྫོང་གིས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་འབེན་ལ་དམ་པོར་དམིགས་ནས་ཁྱོན་བསྡོམས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་33.04བཏང་བ་དང་། དབུལ་སྐྱོར་རྣམ་གྲངས་2263ལག་བསྟར་བྱས། སྡེ་བ་དབུལ་པོ་129དབུལ་པོའི་གྲལ་ནས་ཕྱིར་འཐེན་ནས། རྫོང་དབུལ་པོས“དབུལ་ཞྭ་ཕུད་པའི”ཞིང་ཆེན་རིམ་པའི་ཞིབ་བཤེར་རྩིས་ལེན་བདེ་བླག་ངང་ལེགས་གྲུབ་བྱུང་ཞིང་། ལོ་ངོ་སྟོང་ཕྲག་རིང་གི་དབུལ་ཕོངས་ཀྱི་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་ཐུབ་ཡོད་པ་རེད།།