རོང་བྲག་གི་ཞིང་བ་དག་དཔྱིད་རྨོ་འདེབས་ལ་བྲེལ།
ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༢༠ ལོའི་ཟླ་ ༤ ཚེས་ ༩

ཤ་ག་ཡུལ་ཚོའི་ཁ་ཁ་སྡེ་བའི་ཞིང་བས་ཞིང་འདེབས་བཞིན་པ།
དཔྱིད་འགོ་ཚུགས་པ་དང་ལྷན་དུ་རོང་བྲག་རྫོང་གིས་མང་ཚོགས་ལ་རིམས་ནད་སྔོན་འགོག་གི་དུས་མཚུངས་སུ་དཔྱིད་རྨོ་འདེབས་ཀྱི་ལས་ཀའང་འཐུས་ཤོར་བྱུང་མི་རུང་བའི་སྐུལ་སློང་བྱས་ཏེ། རིམས་འགོག་དང་རྨོ་འདེབས་ཀྱི་ལས་ཀ་གཉིས་ཀར་དམ་འཛིན་བྱས།