རྔ་བ་ཁུལ་གྱིས་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ།
རྒྱལ་ཡོངས་ཀྱི་མི་རིགས་སོ་སོས་ཏོག་གསར་གློ་ཚད་ཀྱི་རིམས་འགོག་དང་བཅོས་སྐྱོང་ཁྲོད་རང་སྲོག་བློས་བཏང་གི་དཔའ་རྒོད་རྣམས་དང་འདས་གྲོངས་སུ་གྱུར་བའི་རིགས་མཐུན་སྤུན་ཟླ་ཡོངས་ལ་གདུང་བ་དྲག་པོས་མྱ་ངན་ཞུ་སླད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཟླ་4ཚེས་4ཉིན་རྒྱལ་ཡོངས་རང་བཞིན་གྱི་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ་རྒྱུ་གཏན་འབེབ་བྱས།

རྔ་བ་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་། ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཀུའུ་ཡུན་ལུང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཉི་མ་འབུམ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཝེ་གོ་དང་ཝུའུ་ལི་ཡན་སོགས་ཁུལ་གྱི་འགོ་ཁྲིད་མི་སྣས་ཁུལ་ཡོངས་ཀྱི་ལས་རིགས་སོ་སོའི་མང་ཚོགས་འཐུས་ཚབ་པ་རྣམས་དང་མཉམ་གཅིག་ཏུ། རང་སྲོག་བློས་བཏང་གི་དཔའ་རྒོད་རྣམས་དང་འདས་གྲོངས་སུ་གྱུར་བའི་རིགས་མཐུན་སྤུན་ཟླ་ཡོངས་ལ་གདུང་བ་དྲག་པོས་མྱ་ངན་ཞུས།

མྱ་ངན་ཞུ་བའི་བྱེད་སྒོར་ཞུགས་མཁན་རྣམས་ཀྱིས་བཤད་རྒྱུར། རང་སྲོག་བློས་བཏང་གི་དཔའ་བོ་རྣམས་ལ་རྗེས་དྲན་བྱེད་སྟངས་ཆེས་ལེགས་པ་ནི། བློ་སྤོབས་བརྟན་པོ་དང་། མཐུན་སྒྲིལ་དམ་ཟབ་ཀྱིས་དཀའ་བར་གདོང་གཏད་དང་། བློ་ཐག་རྦད་ཆོད་ཀྱིས་རིམས་འགོག་ལས་ཀ་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་རྒྱལ་ཁ་ལེན་པ་དེ་ཡིན། ཏང་ཀྲུང་དབྱང་དང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་བཅས་ཀྱི་སྟོབས་ལྡན་སྣེ་ཁྲིད་འོག་ཏུ་མི་རིགས་སོ་སོའི་མི་དམངས་ཀྱིས་དཀའ་བ་ཡོད་ཚད་ཁྱད་དུ་བསད་དེ། རིམས་ནད་འགོག་སྲུང་གི་གཡུལ་ལས་རྣམ་པར་རྒྱལ་བ་དང་། ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ལེགས་པར་གྲུབ་སྟེ། རྒྱལ་ཡོངས་སམ་ཞིང་ཆེན་ཡོངས་དང་མཉམ་གཅིག་ཏུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ཀུན་གྱིས་ཡིད་ཆེས་བརྟན་པོ་བྱ་དགོས་ཞེས་བཤད།














ཟུང་ཆུ་རྫོང་།

