ཀྲུང་གུང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ཁྲེན་ཏུའུ་རུ་འཚོགས།

ཡོང་ཁུངས།
སྤེལ་དུས།: ༢༠༡༤ ལོའི་ཟླ་ ༡༡ ཚེས་ ༢༥

ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དེ་2014ལོའི་ཟླ་11པའི་ཚེས་19ཉིན་ནས་ཚེས་20ཉིན་བར་ཁྲེན་ཏུའུ་རུ་འཚོགས། ཐེངས་འདིའི་གྲོས་ཚོགས་སུ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་82དང་། རྗེས་སྣོན་ཨུ་ཡོན་14ཞུགས་ཡོད་ལ། ཞིང་ཆེན་སྒྲིག་ཁྲིམས་ཨུ་ལྷན་གྱི་རྒྱུན་ཨུ་དང་འབྲེལ་ཡོད་སྡེ་ཁག་གི་བློ་མཐུན་རྣམས་གྲོས་ཚོགས་སུ་ཞུགས་ཡོད། ཞིང་ཆེན་གྱི་ཐེངས་བཅུ་པའི་ཏང་གི་འཐུས་མིའི་ཁྲོད་ཀྱི་གཞི་རིམ་གྱི་བློ་མཐུན་དང་ཆེད་ལས་མཁས་པ་སོགས་ཀྱང་གྲོས་ཚོགས་སུ་ཞུགས

ཐེངས་འདིའི་ཚོགས་འདུ་ཞིང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་སྐྱོང་གནང་ཞིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་གསུང་བཤད་གལ་ཆེན་གནང་།

ཚོགས་ཐོག་ཏུ་《ཀྲུང་གུང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་ལེན་མཐར་ཕྱིན་གནང་བ་དང་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བར་སྐུལ་སྤེལ་ཟབ་མོ་གཏང་རྒྱུའི་སྐོར་གྱི་ཐག་གཅོད།》དང་《ཀྲུང་གུང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་བསམ་བློས་ཏང་འཛུགས་པ་དང་ལམ་ལུགས་ཀྱིས་ཏང་སྐྱོང་བ་དམ་དུ་སྦྲེལ་བ་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་མོ་སྐྱོང་བར་སྐུལ་འདེད་གཏང་བའི་སྐོར་གྱི་ཐག་གཅོད།》ལ་གྲོས་ཞིབ་བྱས་རྗེས་གྲོས་འཆམ་བྱུང་། །