གཙོ་ངོས།
མཐོ་རིམ་གསར་འགྱུར།
བོད་འབྲེལ།
སི་ཁྲོན།
རྒྱལ་ནང་།
རྒྱལ་སྤྱི།
ཆེད་བསྒྲིགས།
རིག་གནས།
བརྙན་ཐུང་།
མི་སྣ།
དུས་དེབ།
汉文
༢༠༢༥ ལོའི་ཟླ་ ༡༠ ཚེས་ ༦ གཟའ་ཟླ་བ།
གཙོ་ངོས།
མཐོ་རིམ་གསར་འགྱུར།
བོད་འབྲེལ།
སི་ཁྲོན།
རྒྱལ་ནང་།
རྒྱལ་སྤྱི།
ཆེད་བསྒྲིགས།
རིག་གནས།
བརྙན་ཐུང་།
མི་སྣ།
དུས་དེབ།
汉文
ལིའང་ཧྲན་གྱི་ནགས་ཚལ་མེ་སྐྱོན་ཁྲོད་མི་19རྐྱེན་ལམ་དུ་ཤོར།
ཡོང་ཁུངས།
ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
སྤེལ་དུས།:
༢༠༢༠ ལོའི་ཟླ་ ༤ ཚེས་ ༡
བརྒྱུད་སྤེལ།
ཟླ་3ཚེས་30ཉིན་གྱི་ཕྱི་དྲོར། སི་ཁྲོན་ལིའང་ཧྲན་ཁུལ་མུུ་ལི་བོད་རིགས་རང་སྐྱོང་རྫོང་ནས་སྤྱི་ལེ་200ལྷག་ཙམ་ཡོད་པའི་ཞི་ཁྲང་གྲོང་ཁྱེར་དུའང་གློ་བུར་དུ་ནགས་ཚལ་མེ་སྐྱོན་བྱུང་བ་དང་། མེ་སྐྱོན་བྱུང་ནས་ཡུན་རིང་མ་འགོར་བར་མེ་ཕྱོགས་བཞིར་མཆེད་ཅིང་། དུ་ནག་སྟུག་པོ་ལང་ལོང་དུ་འཕྱུར་ཞིང་། མེ་འོད་འཕྲོས་པའི་སྤྲིན་པ་སེར་པོ་ནམ་མཁར་འཁྲིགས་པ། ལྗོན་ཤིང་གི་འཚིག་དྲི་ངར་མ་ཆལ་ཆིལ་དུ་འཐུལ་བ། མེ་ལྕེ་ཤ་འོད་བཞིན་མཆེད་ནས་ཞི་ཁྲང་གྲོང་ཁྱེར་ལ་ཉེན་ཁ་ཆེན་པོ་བཟོས་ཡོད་པ་རེད།
མེ་སྐྱོན་ཐོན་རྗེས་ཞི་ཁྲང་གྲོང་ཁྱེར་གྱིས་འཕྲལ་དུ་འཕྲལ་སྡོམ་སྔོན་ཇུས་ལག་ལེན་བསྟར་ནས་ས་གནས་དེ་གའི་ཆེད་ལས་ཀྱི་མེ་གསོད་དཔུང་ཁག་300ལྷག་ཙམ་དང་འཕྲལ་སྡོམ་ཡུལ་དམག་700ལྷག་ཙམ་སྒྲིག་འཛུགས་བྱས་ནས་ཉེན་སྐྱོབ་ལས་དོན་སྤེལ་བ་དང་། ས་གནས་དེའི་མང་ཚོགས་དང་དེ་བཞིན་མཐའ་འཁོར་གྱི་གཙོ་གནད་ཁེ་ལས་ཀྱི་མི་སྣ་ཛ་དྲག་ངང་ཁ་བཀྲམ་ཞིང་། མེ་སྐྱོན་ཤོར་ཡུལ་གྱི་སྤྱི་ལེ་5ནང་གི་གྲོང་མི་ཚང་མ་གོ་རིམ་ལྡན་པའི་ངང་ཕྱིར་འཐེན་བྱས་ཡོད། སི་ཁྲོན་ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་ཁྲེང་ཏུའུ་དང་དཀར་མཛེས། ལུའུ་ཀྲོའུ། མེན་དབྱང་སོགས་ས་གནས་ཁག་གི་མེ་ཟོན་རུ་མི་885ཙམ་ལ་མེ་ཟོན་དངོས་ཟོག་དང་རོགས་སྐྱོབ་དངོས་རྫས་བསྐུར་ནས་ཞི་ཁྲང་དུ་རོགས་སྐྱོབ་བྱེད་པར་མངགས་གཏོང་བྱས་ཡོད་པ་རེད། རྒྱུས་ལོན་བྱུང་བར་གཞིགས་ན། གསར་འགོད་པས་རྩོམ་ཡིག་སྤེལ་བའི་བར། ཞི་ཁྲང་དུ་བྱུང་བའི་ནགས་ཚལ་མེ་སྐྱོན་ཁྲོད་ས་གནས་དེ་གའི་མེ་ཟོན་མི་སྣ་19སྐུ་གཤེགས་ཡོད་པ་རེད།
གཞན་ཡང་། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་གཞུང་ཕྱོགས་དྲ་བའི་ཐོག་སྤེལ་བའི་གནས་ཚུལ་ལྟར་ན། ཉེ་ཆར། སི་ཁྲོན་ལེའང་ཧྲན་ཁུལ་གྱི་ས་ཆ་མང་པོ་ཞིག་ལ་ནགས་ཚལ་མེ་སྐྱོན་ཤོར་ཡོད་ཅིང་། མུ་ལི་བོད་རིགས་རང་སྐྱོང་རྫོང་དང་ཞི་ཁྲང་གྲོང་ཁྱེར། མེན་ནིང་རྫོང་། ཡན་ཡོན་རྫོང་སོགས་ས་ཆ་ཁག་ནགས་ཚལ་མེ་སྐྱོན་ཤོར་ཁུལ་ནང་ཚུད་ཡོད་པ་དང་། གོང་གསལ་གྱི་གནས་ཚུལ་ལ་གཞིགས་ནས། སྤྱི་ཟླ་3པའི་ཚེས་30ཉིན། སི་ཁྲོན་ཞིང་ཆེན་གྱིས་ད་ལོའི་ནགས་ཚལ་མེ་སྐྱོན་འཕྲལ་སྡོམ་ལན་ཆ་རིམ་པ་གསུམ་པ་ཐེངས་དང་པོར་ལག་བསྟར་བྱས་ཡོད། མིག་སྔའི་བར་ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པ་ཁག་གི་མེ་ཟོན་མི་སྣ་2000ལྷག་དང་། མེ་ཟོན་གྱེན་འཕུར་གནམ་གྲུ་4མེ་ཟོན་རླངས་འཁོར་142རྒྱང་སྤྱོད་ཆུ་འདོན་མ་ལག་ཆ་6འཕྲལ་བསྟུན་རླངས་འཁོར་64 འཕྲིན་སྐྱེལ་རླངས་འཁོར་2གློག་འདོན་འཕྲུལ་ཆས58སྲུང་སྐར་ཁ་པར་6་བཅས་སྒྲིག་འཛུགས་དང་བཀོད་སྒྲིག་བྱས་ནས་མེ་ཟོན་ལས་དོན་སྤེལ་བཞིན་ཡོད་པ་རེད།
ཕྱིར་ལོག