དཀར་མཛེས་ཁུལ་གྱི་སློབ་གྲྭ་ཚོགས་པའི་དུས་ཚོད་གཏན་འཁེལ་བྱས།

ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༢༠ ལོའི་ཟླ་ ༣ ཚེས་ ༣༠

     སྤྱི་ཟླ་3པའི་ཚེས་27ཉིན།  དཀར་མཛེས་ཁུལ་སློབ་གསོ་དང་ལུས་རྩལ་ཅུས་ཀྱིས་སློབ་འགོ་འཛུགས་པའི་བརྡ་ཁྱབ་བསྒྲགས་འདུག །
     ཁུལ་ཡོངས་ཀྱི་མཐོ་འབྲིང་ལོ་རིམ་གསུམ་པ་(མཐོ་རྒྱུགས་ལ་ཞུགས་པར་མིང་ཐོ་བཀོད་པའི་འབྲིང་རིམ་ལས་རིགས་སློབ་གྲྭའི་མཐར་ཕྱིན་འཛིན་གྲྭའི་སློབ་མ་)རྣམས་ཞིང་ཆེན་གྱི་བཀོད་སྒྲིག་ལྟར་མཉམ་དུ་སྤྱི་ཟླ་4པའི་ཚེས་1ཉིན་སློབ་འགོ་འཛུགས་རྒྱུ་དང་།  དམའ་འབྲིང་ལོ་རིམ་གསུམ་པའི་སློབ་མ་རྣམས་སྤྱི་ཟླ་4པའི་ཚེས་7ཉིན་སློབ་འགོ་འཛུགས་རྒྱུ།  སློབ་ཆུང་དང་དམའ་འབྲིང་།  མཐོ་འབྲིང་།  འབྲིང་རིམ་ལས་རིགས་སློབ་གྲྭ་རྣམས་སྤྱི་ཟླ་4པའི་ཚེས་10ཉིན་སློབ་འགོ་འཛུགས་རྒྱུ་དང་།  བུ་བཅོལ་ཁང་དང་དམིགས་བསམ་སློབ་གསོའི་སློབ་གྲྭ་རྣམས་སྤྱི་ཟླ་4པའི་ཚེས་20ཉིན་སློབ་འགོ་འཛུགས་རྒྱུ་ཁྱབ་བསྒྲགས་བྱས་འདུག །