ཡུལ་སྐྱིད་བོད་རིགས་ཤང་ནས་བདག་ཏུ་མ་བཟུང་བའི་དོམ་ཁྲ་མཐོང་བ།
ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༢༠ ལོའི་ཟླ་ ༡ ཚེས་ ༡༠

ཝང་ཁང་ཀྲུང་གིས་གནས་ཚུལ་དེ་ཐོས་མ་ཐག་ཏུ་ཡུལ་དངོས་སུ་བསྐྱོད་དེ། ལག་འཁྱེར་ཁ་པར་གྱིས་བརྙན་ཐུང་བླངས་པ་རེད། བརྙན་ཐུང་ནང་ལ་བདག་ཏུ་མ་བཟུང་བའི་དོམ་ཁྲ་ཞིག་རི་འགོར་མགྱོགས་པོར་འབྲོས་པ་མཐོང་།
ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་དེའི་སྔ་དྲོར། ལོ་ལེགས་གྲོང་ཚོ་རྒྱ་སྒོ་ཚོ་ཆུང་གི་གྲོང་མི་ཁ་ཤས་ཀྱིས་ཀྱང་རི་སྐྱེས་དོམ་ཁྲ་ཞིག་མཐོང་ཞིང་། དེ་ནི་དེ་སྔོན་མཐོང་བའི་དོམ་ཁྲ་དང་ཕལ་ཆེར་གཅིག་ཡིན།
པའོ་ཞིན་རྫོང་ནགས་ཚལ་སྡེ་ཁག་གི་འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ནི་2020ལོར་པའོ་ཞིན་རྫོང་ཁོངས་སུ་མཐོང་པའི་བདག་ཏུ་མ་བཟུང་བའི་དོམ་ཁྲ་དང་པོ་ཡིན་པ་དང་། པའོ་ཞིན་ནི་“དོམ་ཁྲའི་ཕ་ཡུལ”ཞེས་འབོད་སྲོལ་ཡོད། 2019ལོར་བདག་ཏུ་མ་བཟུང་བའི་དོམ་ཁྲ་ཐེངས་མང་མཐོང་ཡོད། མིག་སྔར། པའོ་ཞིན་རྫོང་གི་ས་ཁོངས་མང་ཆེ་བ་“དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་”གི་མངའ་ཁོངས་སུ་བསྡུས་པ་དང་། པའོ་ཞིན་ནི་“རྒྱལ་སྤྱིའི་དོམ་ཁྲའི་གྲོང་ཁྱེར”དུ་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན།