དཀར་མཛེས་དང་ཡུན་ནན་གྱིས་མཉམ་དུ་ཤམ་བྷ་ལའི་ཡུལ་སྐོར་སྐོར་ཐིག་ཆེན་པོ་ཞེས་པ་བསྐྲུན།

ཉེ་ཆར། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དང་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་གཉིས་ཀྱིས་མཉམ་དུ། འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། ཤམ་བྷ་ལའི་ཡུལ་སྐོར་སྐོར་ཐིག་ཆེན་པོ་ཞེས་པའི་ལས་གཞིའི་ཐད་དུ་ལྟ་བ་གཅིག་མཐུན་བྱུང་ཡོད།

དང་པོ་ནི་ཉི་སྟེང་ནས་ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་རྫོང་བར་གྱི་གཞུང་ལམ་འཛུགས་སྐྲུན་གྱི་སྔོན་འགྲོའི་ལས་ཀ་གང་མགྱོགས་ཀྱིས་བསྒྲུབས་ཏེ། 2015ལོར་ལས་གཞི་འཛུགས་སྐྲུན་གྱི་འགོ་འཛུགས་ཐུབ་པ་བྱ་རྒྱུ་དེ་རེད། གཉིས་པ་ནི་ཕྱག་ཕྲེང་ཏུང་སུང་ནས་ཡུན་ནན་ཏེན་ཁྲོན་ལམ་གྱི་འཛུགས་སྐྲུན་བྱེད་ཤུགས་མགྱོགས་སུ་གཏོང་བ། གསུམ་པ་ནི་ཕྱག་ཕྲེང་ནས་ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་རྫོང་བར་གྱི་གཞུང་ལམ་འཛུགས་སྐྲུན་དེ་བཅུ་གསུམ་ལྔ་ཞེས་པའི་འཆར་འགོད་ཀྱི་ནང་དུ་བླངས་ཏེ། མགྱོགས་མྱུར་ངང་འཛུགས་སྐྲུན་ལས་གཞིའི་འགོ་བརྩོམ་རྒྱུ་དང་། བཞི་པ་ནི་ཝ་ཁཱ་ཟམ་ཆེན་མཉམ་ལས་བྱ་རྒྱུ་དེ་ཡིན་ལ། ཟམ་ཆེན་འདི་ཅིན་ཧྲ་གཙང་བོའི་ཁ་རུ་བཟོས་ཏེ། སྡེ་རོང་ཝ་ཁཱ་གྲོང་རྡལ་དང་ཡུན་ནན་པིན་ཙི་ལན་གྲོང་རྡལ་གཉིས་སྦྲེལ་དགོས་ཤིང་། ཟམ་པའི་རིང་ཚད་ལ་ཕལ་ཆེར་སྨི་200ཡོད་ལ། སི་ཁྲོན་ཞིང་ཆེན་དང་ཡུན་ནན། བོད་ལྗོངས་བཅས་ཕན་ཚུན་སྦྲེལ་བའི་ལམ་ཐིག་གཙོ་བོ་ཞིག་ཡིན། ཕྱོགས་གཉིས་ཀྱིས་གོང་རིམ་ལ་སྙན་ཞུ་འབུལ་བའི་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས། འཛུགས་སྐྲུན་ལས་གཞི་གང་མགྱོགས་ངང་འགོ་བརྩོམ་པར་བརྩོན་ལེན་བྱེད་བཞིན་ཡོད། །