བོད་ལྗོངས་བྱང་ཐང་གི་མཐོང་ཐོས།
ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༡༩ ལོའི་ཟླ་ ༡༢ ཚེས་ ༢༦

ཚེས་22ཉིན། གསར་འགོད་པ་རླངས་འཁོར་ལ་བསྡད་དེ་བོད་ལྗོངས་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་ནས་འགོ་བརྩམས་ཏེ། ནག་ཆུ་གྲོང་ཁྱེར་མཚེའུ་གཉིས་རྫོང་དུ་བསྐྱོད་པའི་ལམ་བར་དུ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་མཐའ་འཁོར་བརྒྱུད་པས། རྒྱལ་ཁབ་རིམ་པའི་སྲུང་སྐྱོང་སྲོག་ཆགས་གཙོད་དང་། རྐྱང་སོགས་མཐོང་བྱུང་ལ། དེ་བས་སྤྲོ་སྣང་སྐྱེ་བ་ཞིག་ལ། གསར་འགོད་པས་ད་དུང་འབྲོང་དང་། སྤྱང་ཀི ཝ་མོ་སོགས་མཐོང་དཀོན་པའི་ས་མཐོའི་རི་སྐྱེས་སྲོག་ཆགས་ཀྱང་མཐོང་བྱུང་།
དགུན་ཁའི་བྱང་རྩ་ཐང་སྐྱ་ཐིང་ཐིང་དུ་གྱུར་བ་དང་། མཚེའུ་དང་རི་ཀླུང་ཚང་མ་ཁ་བས་གཡོགས་པས། ཡུལ་ལྗོངས་མཛེས་སྡུག་ལྡན་པ་ཞིག་ཏུ་གྱུར་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་1993ལོར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཆོག་མཆན་སྤྲད་ནས་བཙུགས་པ་དང་། 2000ལོའི་ཟླ་4པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་སྤྲད་ནས་གསར་འཛུགས་བྱས་པ་ཞིག་ཡིན་པ་རེད།