སི་ཁྲོན་གྱི་ཤང་སྐྱོད་གཞུང་ལམ་མཐའ་མ་དེ་ཤར་གཏོང་བྱུང་བ།
ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༡༩ ལོའི་ཟླ་ ༡༢ ཚེས་ ༢༤

གསར་འགོད་པས་སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱུང་གསལ། མི་བཟང་ཤང་ནི་དཀར་མཛེས་ཁུལ་ཉག་ཆུ་རྫོང་གི་བྱང་ཤར་རྒྱུད་དུ་ཡོད་པ་དང་། སྤྱིའི་མི་འབོར་2026ཡོད་པ་དང་། ཤང་ལ་གྲོང་ཚོ་7ཡོད། མི་བཟང་ཤང་དུ་བསྐྱོད་ཐུབ་པའི་སྲ་འགྱུར་གཞུང་ལམ་ཡོངས་ཀྱི་རིང་ཚད་ལ་སྤྱི་ལེ་31.84ཡོད་ལ། གཞུང་ལམ་རིམ་པ་བཞིའི་ཚད་གཞི་ལྟར་བསྐྲུན་ཡོད། བྱ་གཞག་འདི་ནི་2017ལོའི་ཟླ་7པར་དངོས་སུ་འགོ་བརྩམས་ཤིང་། སི་ཁྲོན་ཞིང་ཆེན་སི་ཁྲོན་ཁྲོན་ཅའོ་ལུའུ་ཆའོ་ཀུང་སིས་འགན་འཁུར་ནས་ལག་བསྟར་བྱས་པ་རེད།